རྒྱལ་ཡོངས་ཀྱི་སྐབས་ལྔ་བའི་ཞིང་སྡེའི་ལས་སྐྲུན་གསར་སྐྲུན་འགྲན་སྡུར་ཁྲོད་རང་ཞིང་ལ་གྲུབ་འབྲས་བཟང་བོ་ཐོབ།
2022.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དང་པོའི་ཚེས་ལྔ་ཉིན།    གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།    རྒྱལ་ཡོངས་སྐབས་ལྔ་བའི་ཞིང་སྡེའི་ལས་སྐྲུན་གསར་སྐྲུན་ལས་གཞིའི་གསར་གཏོད་འགྲན་སྡུར་ཁྲོད་རང་ཞིང་ལ་བྱ་དགའ་ཨང་གསུམ་པ་གཅིག་ཐོབ་པ་དང་།   ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ།

ཉེ་བའི་ལོ་འགའི་རིང་ལ།   ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཞིང་སྡེའི་ལས་སྐྲུན་གསར་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་།   ཞིང་སྡེའི་ལས་སྐྲུན་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་རོང་འབྲོག་ཁུལ་གྱི་དར་རྒྱས་བརྟན་འཇགས།   དེ་མིན་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་སྐུལ་སྤེལ་བྱེད་པ་དང་།   ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པའི་གལ་ཆེའི་བྱེད་ཐབས་སུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།   མིག་སྔའི་བར།   རང་ཞིང་ལ་རྒྱལ་ཡོངས་ཀྱི་ཞིང་སྡེའི་ལས་སྐྲུན་གསར་སྐྲུན་འགྲན་སྡུར་ཁྲོད་བསྡོམས་པས་བྱ་དགའ་ཨང་གཉིས་པ་གཉིས་དང་བྱ་དགའ་ཨང་གསུམ་པ་གཉིས།  ཕུལ་བྱུང་བྱ་དགའ་གསུམ།   ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་བཞི་བཅས་ཐོབ་ཡོད།   དེ་མིན།   འགྲན་སྡུར་བརྒྱུད་དེ་རྒྱལ་ཡོངས་ཀྱི་ཞིང་སྡེའི་ལས་སྐྲུན་གསར་སྐྲུན་གྱི་སྣེ་ཁྲིད་མི་སྣ་བཅུ་དྲུག་དང་དཔེ་སྟོན་རྫོང་བཞི།    གླིང་ཁུལ་དང་དཔེ་སྟོན་རྟེན་གཞི་བཅོ་ལྔ་གདམ་གསེས་བྱས་ཏེ་རྒྱལ་ཡོངས་ཀྱི་ཞིང་སྡེའི་ལས་སྐྲུན་གསར་སྐྲུན་གླིང་ཁུལ་དང་རྒྱལ་ཡོངས་ཀྱི་ཞིང་སྡེའི་ལས་སྐྲུན་གསར་སྐྲུན་གསོ་སྦྱོང་རྟེན་གཞིར་གཏན་ཁེལ་བྱས་ཏེ།   གསར་སྐྲུན་ལས་སྐྲུན་གྱིས་ཞིང་སྡེའི་ལས་ཞུགས་ཡོང་འཕར་ལ་སྐུལ་སྣེ་ཁྲིད་བྱེད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས།

                                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།