ཉེ་ལམ། རྨ་ལྷོ་ཁུལ་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག རྩོམ་ཡིག་བཅས་ཀྱི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད་བྱ་བའི་སྙན་ཞུ་ལ་ཉན། ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་ཡའོ་ཁྲུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་རེ་བ་བཏོན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རྩ་བའི་གཞི་འཛིན་ས་རུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་བཀོད་སྒྲིག་རེ་བར་རྒྱུས་ལོན་གསལ་བོ་བྱེད་པ། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས་ནས། འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་དམ་འཛིན་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེ་འཛུགས་སྐྲུན་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་ནས། གྲོང་གསེབ་དར་སྤེལ་ཐད་ནས་གོམ་སྟབས་གསར་པ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ལ་གྲ་སྒྲིག་ནན་མོ་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྤྱི་སྡོམ་བཟང་པོ་བྱེད་པ་དང་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས།
ཚོགས་ཐོག་ནསནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བྱ་བ་དང་ལས་བྱེད་པ་རྒན་པའི་བྱ་བའི་ཐད་ནས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། རྒྱལ་ནང་རྒྱལ་སྤྱིའི་ཡུལ་གནས་གཙོ་བོ་མང་པོ་ནས་ཕྱི་ཕྱོགས་བརྗེ་རེས་དང་རིག་རྩལ། གསར་འགྱུར་སྒྲོག་སྤེལ། བདེ་འཇགས་འཛུགས་སྐྲུན། ཤེས་ལྡན་མི་སྣའི་བྱ་བའི་ཐད་ནས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཤིས་ཚིག རྩོམ་ཡིག་གི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་དགོས། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་སྲིད་གཞུང་ལྟ་སྐུལ་དོ་དམ། རྒན་གསོའི་ཉེན་སྲུང་སོགས་ཁྱབ་ཁོངས་ལ་དམིགས་ནས་བཏོན་པའི་བཅོས་སྒྱུར་བཀོད་སྒྲིག་གལ་ཆེན་དང་ལམ་ལུགས་ཀྱི་བཀོད་སྒྲིག་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ལོ་སྟོད་ཀྱི་བཅོས་སྒྱུར་དམིགས་འབེན་ལ་དམ་དུ་དམིགས་པ། ཤན་སྦྱར་དབྱེ་ཞིབ་ཆ་ཚང་བྱེད་པ། མི་འདང་ས་འཚོལ་བ་དང་ཞན་ཆ་ཁ་གསབ་བྱེད་པ། ལྟ་ཞིབ་མཛུབ་སྟོན་ལ་ཤུགས་བསྣན་ནས། བཅོས་སྒྱུར་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་གྲོས་གཞི་འགྲེམ་སྤེལ་བྱེད་པའི་བརྡ་སྦྱོར་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། ལག་བསྟར་བྱེད་ཐབས་གཏན་འབེབས་བྱེད་པ། བྱ་བའི་ལས་ཁུངས་འཐུས་ཚང་དུ་གཏོང་བ། བྱ་བའི་སྟོབས་ཤུགས་ཆ་སྡེབས་བཟང་པོ་བྱེད་པ། འགན་སྲུང་བྱེད་ཐབས་ལག་བསྟར་བྱས་ནས། སྲིད་གྲོས་བྱ་བའི་ཐད་ནས་རྣམ་པ་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།