ཉེ་ལམ། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་དགུ་པས་སྐོར་ཞིབ་བྱས་པའི་ཏང་རྩ་འཛུགས་བཅོ་ལྔ་ལ་སྐོར་ཞིབ་ལེགས་བཅོས་བྱས་པའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ལས་བྱེད་མང་ཚོགས་ཀྱི་རྟ་ལྟོག་རང་འགུལ་གྱིས་དང་ལེན་བྱས།
ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པ་ནས་ཟླ་ལྔ་པའི་བར་དུ། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ སྐོར་ཞིབ་ཐེངས་དགུ་པས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་། ཞིང་ཆེན་རྩིས་བཤེར་ཐིན། ཞིང་ཆེན་ཕྱིན་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲིན་བཅར་ཅུའུ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་དྲུག་དང་། ཞིང་ཆེན་འགྲུམ་འགྲིལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་རྒྱལ་དབང་ཁེ་ལས་བཅོ་ལྔ་དང་མཚོ་ཤར་བཟོ་ལས་ར་བ་དང་། ཚྭ་འདམ་གཞུང་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་བཅས་ཀྱི་ཏང་རྩ་འཛུགས་ལ་རྒྱུན་ལྡན་ལྟར་གྱི་སྐོར་ཞིབ་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པར་སྐོར་ཞིབ་གནས་ཚུལ་བསྒྲགས།
ཁྱབ་བསྒྲགས་བྱས་པའི་སྐོར་ཞིབ་ལེགས་བཅོས་གྱི་འཕེལ་རིམ་གནས་ཚུལ་ལ་བལྟས་ན། སྐོར་ཞིབ་བྱས་པའི་ཏང་རྩ་འཛུགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱས་ཡོད་ལ། ཆབ་སྲིད་བདར་གཅོད་ཀྱི་ནུས་པ་དང་།ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མུ་མཐུད་མཐོར་འདེགས་བཏང་སྟེ། སྐོར་ཞིབ་ལེགས་བཅོས་གྱི་ཆབ་སྲིད་འགན་འཁྲི་ཁུར་དུ་བླངས་ཡོད་པ་དང་། ནན་ཏན་གྱིས་ཞིབ་འཇུག་བཀོད་སྒྲིག་དང་། ཞིབ་ཚགས་རྩ་འཛུགས་བྱེད་པ་དངོས་འབེབས་བྱས་ཡོད། མྱུར་སྤྱོད་མྱུར་བཅོས་དང་ལེགས་བཅོས་ཡང་དག་བྱས་ཏེ། ལེགས་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ལེགས་བཅོས་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གང་ལེགས་བཏང་ཡོད།
གཅིག་བསྡུས་ལེགས་བཅོས་སྐབས་སུ། ལེགས་བཅོས་བྱས་པའི་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ་སྐོར་ཞིབ་ལེགས་བཅོས་ཀྱི་འོས་འགན་གཙོ་བོ་ཁུར་ལེན་བྱས་པ་དང་། ཏང་རྩ་འཛུགས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཡིས་འོས་འགན་ཁུར་མཁན་དང་པོ་ཡི་འགན་འཁྲི་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལ་ལས་རྐང་གཅིག་ལ་འོས་འགན་གཉིས་ཀྱི་འདུ་ཤེས་ལག་བསྟར་ནན་མོ་བྱས་ནས། སྐོར་ཞིབ་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་། ལེགས་བཅོས་བྱ་བའི་རྐྱེན་སྲོལ་ཆ་ཚང་ཞིག་བཙུགས་ཡོད། སྐོར་ཞིབ་ལེགས་བཅོས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། སྐོར་ཞིབ་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་དང་། རིམ་པ་ལྟར་ཞིབ་བཤེར་བྱས་ཏེ། ཁོངས་འདེད་གཏིང་ཟབ་དང་རང་འགུལ་གྱིས་འགན་ཁུར་དང་ལེན་བྱེད་པ། དག་ཐེར་གསལ་འདོན་བྱེད་པ་སོགས་ཀྱི་གཞི་རྩའི་བྱེད་ཐབས་སྤྱད་ཡོད།
སྐོར་ཞིབ་བྱས་པའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁོང་དུ་ཆུད་པའི་སྟེང་ཤུགས་བཏོན་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་དམ་འཛིན་དང་། འཕེལ་རྒྱས་ཀྱི་གཞུང་ལུགས་གསར་བ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ་བཅས་བྱས་ནས་གནས་ས་གཏན་ཁེལ་དང་། འགན་འཁྲི་ཁག་ཁུར་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་འགན་འཁྲི་སོ་སོ་ལག་བསྟར་བྱེད་པའི་བྱ་བའི་ལག་ལེན་ཁྲོད་མངོན་པར་བྱས་ཡོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་གིས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འཛུགས་བསྐྲུན་ལ་ཤུགས་སྣོན་དང་། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཚུང་གི་སློབ་སྦྱོང་ལམ་ལུགས་བཟོ་བཅོས་ལེགས་བཅོས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་དགོངས་དོན་གལ་ཆེན་གསར་བ་བཏོན་པར་དུས་ལྟར་རྗེས་འདེད་ཐུབ་པ་བྱེད་དགོས། ཏང་གི་ལོ་རྒྱས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། གཞི་རིམ་ཏང་འཛུགས་ལ་ཤུགས་སྣོན་དང་དཔེ་སྟོན་ལས་ཁུངས་འཛུགས་པར་ནུས་ཤུགས་ཆེན་པོ་འདོན་དགོས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་རྒྱལ་དབང་ཁེ་ལས་ཏང་ཨུ་ཡིས་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ཏང་གིས་རྒྱལ་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། བཅོས་བསྒྱུར་གཏིང་ཟབ་དང་མ་དངུལ་བཀོལ་སྤྱོད། ལས་གཞིའི་རྣམ་གྲངས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་གནད་འགག་གོ་རིམ་དམ་འཛིན་བྱེད་པ་དང་། དབང་ཆར་ལྟ་སྐུལ་ཚོད་འཛིན་བྱེད་པའི་རྐྱེན་སྲོལ་ཆ་ཚང་དང་ལེགས་བཅོས་བྱས་ཏེ། ཏང་ལ་དོ་དམ་དང་ཏང་སྐྱོང་པའི་འགན་འཁྲི་དངོས་འབེབས་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།