མིན་ཡོན་རྫོང་དུ་ཚད་རིམ་6.9ཅན་གྱི་ས་ཡོམ་བྱུང་།
2022.01.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 52

ཀྲུང་གོ་ས་ཡོམ་རྟོག་ཞིབ་དྲ་བས་ཚད་ཞིབ་བྱས་པ་ལྟར་ན། ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ཆུ་ཚོད་གཅིག་དང་སྐར་མ་ཞེ་ལྔའི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང་དུ་ཚད་རིམ་དྲུག་དང་གྲངས་ཆུང་དགུ་ཡི་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་ཟབ་ཚད་སྟོང་སྨི10ལ་སླེབས་ཡོད།

ས་ཡོམ་བྱུང་ས་ནི་མིན་ཡོན་རྫོང་མཁར་དང་བར་ཐག་སྤྱི་ལེ་ང་བཞི་ཡོད་པ་དང་། དེ་ནས་ཟི་ལིང་གྲོང་ཁྱེར་བར་བར་ཐག་སྤྱི་ལེ་བརྒྱ་དང་སོ་དྲུག་ཡོད། རེས་སྐོར་དང་པོའི་བརྟག་བཤེར་བྱེད་སྐབས་མི་སྣ་ཤི་རྨས་བྱུང་བའི་སྐོར་གྱི་སྙན་ཞུ་འབྱོར་མེད་པ་དང་། ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་བཞིན་པའི་སྒང་རེད།