ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་ལ་ཚད་རིམ་དྲུག་དང་གྲངས་ཆུང་དགུ་ཡི་ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཐོལ་བྱུང་དོན་རྐྱེན་གྱི་སྤྱིའི་འཕྲལ་བསྟུན་སྔོན་དཔག་ཇུས་གཞི་དང་མཚོ་སྔོན་ཞིང་ཆེན་ས་ཡོམ་འཕྲལ་བསྟུན་སྔོན་དཔག་ཇུས་གཞི་ལྟར། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གིས་ཟླ་་དང་པོའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་གཅིག་དང་སྐར་མ་ལྔ་བཅུའི་སྟེང་ས་ཡོམ་ཆེན་པོའི་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་བྱས།
ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་བྱུང་བའི་གནས་ཚུལ་འབྱོར་མེད་ལ། ཞིབ་ཕྲའི་གནས་ཚུལ་ད་དུང་རྒྱུས་ལོན་དང་ཞིབ་བཤེར་བྱེད་བཞིན་ཡོད།
མི་ཕམ་མགོན་པོས་བསྒྱུར།