མཚོ་སྔོན་མིན་ཡོན་གྱི་ཟླ་དང་པོའི་ཚེས་བརྒྱད་ཉིན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་གྱི་ཡུལ་དངོས་བྱ་བའི་རུ་ཁག་གིས་གས་སྲུབས་བྱུང་བའི་ཀླུ་ལུང་ཉག་ག་གའི་ནུབ་ངོས་སུ་ས་ཡོམ་བྱུང་སར་རྟོག་ཞིབ་བྱེད་སྐབས། སྤྱི་ལེ་ཉེར་གཉིས་ཙམ་ཡོད་པའི་ས་ཤུན་གས་སྲུབས་བྱུང་བ་མཐོང་བ་དང་། ས་ཤུན་དང་འཁྱག་རོམ་གྱི་ངོས་སུ་མུ་འབྲེལ་གས་སྲུབས་བྱུང་བ་དང་ས་ཤུན་འབུར་དུ་ཐོན་པའི་སྣང་ཚུལ་མཐོང་ཐུབ། ས་ཤུན་འབུར་བའི་མཐོ་ཚད་སྨི1.5ལ་བསླེབས་ཡོད། ཡུལ་དངོས་རྟོག་ཞིབ་ཚན་ཆུང་གི་ལིས་ཀྲིན་མེན་དང་ཀའེ་ཧེ་ལུང་། ལིས་ཞིན། ཝང་ཏི་བཅས་ཀྱིས་ཐེངས་འདིའི་ས་ཡོམ་གྱི་ཡོམ་འགུལ་གྲུབ་ཚུལ་དེ་ཀླུ་ལུང་ཉག་གའི་གས་སྲུབས་ཞེས་པར་གཏན་འཁེལ་བྱས་ཡོད།