ཟླ་དང་པོའི་ཚེས་བརྒྱད་ཉིན་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ལ་ཚད་རིམ་དྲུག་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་། ས་ཡོམ་ཁྲོད་དུ་སྟོང་ཧྥུའུ་སུམ་བརྒྱ་དང་སུམ་ཅུ་ཅན་གྱི་གློག་གི་སྐུད་ལམ་གཉིས་ཀྱིས་གློག་འདོན་མཚམས་ཆད་པ་དང་། སྟོང་ཧྥུའུ་བརྒྱ་དང་བཅུ་ཅན་གྱི་སྐུད་ལམ་གཉིས་དང་སྟོང་ཧྥུའུ་སོ་ལྔ་ཅན་གྱི་སྐུད་ལམ་གཅིག སྟོང་ཧྥུའུ་བཅུ་ཅན་གྱི་སྐུད་ལམ་བརྒྱད་བཅས་ལ་ཡང་ཤུགས་རྐྱེན་ཐེབས་ནས། ཁྱིམ་ཚང་སྟོང་གཉིས་དང་བརྒྱད་བརྒྱ་སོ་གསུམ་ལ་གློག་ཆད།
ས་ཡོམ་བྱུང་རྗེས། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟིས་མྱུར་དུ་རིམ་པ་གཉིས་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད་པ་དང་། ཉེན་སེལ་མི་སྣ་དང་འཕྲལ་བསྟུན་རླངས་འཁོར་མངགས་ཏེ་གློག་སྒྱུར་ས་ཚིགས་དང་། གློག་འདོན་སྐུད་ལམ་དང་སྒྲིག་ཆས་ལ་འཕྲལ་བསྟུན་ཉེན་སེལ་ཉམས་གསོ་བྱས།
མིག་སྔར་ས་ཡོམ་ཁྲོད་ཤུགས་རྐྱེན་ཐེབས་པའི་སྟོང་ཧྥུའུ་སུམ་བརྒྱ་དང་སུམ་ཅུ་ཅན་གྱི་སྐུད་ལམ་ལ་གློག་འདོན་པའི་ཆ་རྐྱེན་ལྡན་ཞིང་། སྟོང་ཧྥུའུ་བརྒྱ་དང་བཅུ་ཅན་དང་། སྟོང་ཧྥུའུ་སོ་ལྔ་ཅན། སྟོང་ཧྥུའུ་བཅུ་ཅན་བཅས་ཀྱི་སྐུད་ལམ་ཚང་མ་རྒྱུན་ལྡན་དུ་གྱུར་ཏེ། ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་སྟོང་གཉིས་དང་བརྒྱད་བརྒྱ་སོ་གསུམ་ལ་ཡང་བསྐྱར་གློག་འདོན་སྤྲོད་བྱས་ཡོད།