2022ལོའི་སྐབས་དང་པོའི་ཁུ་ནུའི་འཆད་ཁྲིད་སྤེལ་འགོ་བརྩམས།
2022.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གཉིས་ཀྱིས་འགན་ཁུར་ནས་བསྒྲུབས་པའི2022ལོའི་སྐབས་དང་པོའི་ཁུ་ནུའི་འཆད་ཁྲིད་ཟླ་དང་པོའི་ཚེས་ལྔ་ཉིན་སྤེལ་འགོ་བརྩམས་པ་དང་། དཔལ་འབྱོར་རིག་པའི་ཆེད་མཁས་པ་ཡའོ་ཅིན་ཡོན་གྱིས་བརྙན་རིས་ཐད་གཏོང་གི་རྣམ་པ་བརྒྱུད་དེ་ཁ་བྱང་ལ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་ཀློག་གི་ཆེད་དོན་འཆད་ཁྲིད་བྱས།

ལོ་གསར་པའི་ནང་གི་ཁུ་ནུ་འཆད་ཁྲིད་སྐབས་དང་པོ་ཡིན་པའི་ཆ་ནས། ཐེངས་འདིའི་འཆད་ཁྲིད་ཀྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་དམ་དུ་དམིགས་ནས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཁྱབ་པར་བྱས་པ་དང་། རང་རྒྱལ་གྱི་ན་ནིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་འཕེལ་ཕྱོགས་ལ་འགྲེལ་བཤད་གསལ་བོ་བྱས་ལ། ཁུངས་ལུང་ལྡན་པའི་སྒོ་ནས་མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། གྲོས་ཚོགས་སྟེང་བཏོན་པའི་བཀོད་སྒྲིག་གལ་ཆེན་ལ་འགྲེལ་ཀློག་གསལ་བོ་བྱས་པས། འཆད་ཁྲིད་ལ་ཉན་པའི་རང་ཞིང་གི་ལས་བྱེད་པའི་བསྔགས་བརྗོད་ཐོབ། ཚང་མས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་དངོས་གཉེར་འཆར་གཞིས་མི་ལ་སྐུལ་མ་ཐེབས་པར་བྱས། ཐེངས་འདིའི་འཆད་ཁྲིད་ལ་ཉན་པ་བརྒྱུད་དེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་ཡང་བསྐྱར་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པ་བྱུང་།

གྲོང་ཁྱེར་དང་ཁུལ་སོ་སོའི་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ལས་བྱེད་པ་ལྔ་བརྒྱས་འཆད་ཁྲིད་ལ་ཉན།

རིན་ཆེན་མཚོས་བསྒྱུར།