ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་གཉིས་པའི་བྱ་འགུལ་སྤེལ།
2022.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་དང་པོའི་ཚེས་བཅུ་ཉིན་ནི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་གཉིས་པ་ཡིན། ཉིན་དེར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་ལས་རོགས་ཉེན་རྟོག་པས་བློ་དཀར་འགན་སྒྲུབ་དང་། ལས་གནས་བརྟན་སྲུང་བྱེད་པའི་ཞོར་དུ། ས་གནས་ཀྱི་དོན་དངོས་ཟུང་འབྲེལ་གྱིས་རྩ་འཛུགས་བྱས་ཏེ། ཉེན་རྟོག་པའི་དར་ཆ་བསྒྲེངས་པའི་མཛད་སྒོ་དང་། གཟི་བརྗིད་མཛད་སྒོ། མི་དམངས་ལ་སྙན་ཞུ་བྱེད་པ་སོགས་རྣམ་པ་མང་ཞིང་ཕུན་སུམ་ཚོགས་པའི་བྱ་འགུལ་མང་པོ་སྤེལ་ཏེ་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

ཞིང་ཆེན་སྤྱི་བདེ་ཐིན་གྱིས་དར་ཆ་བསྒྲེངས་ནས་དཔའ་མཛངས་བསྐྲུན། ཞུམ་མེད་མདུན་སྐྱོད་འགན་འཁྲི་ཁུར་ཞེས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་གཅིག་ཐིག་དམག་སྒར་རྒྱ་གྲོལ་ཉིན་མོ་དང་ཉེན་རྟོག་པའི་དུས་ཆེན་བརྗོད་གཞི་ཡིན་པའི་སྨྱན་བྱད་གསར་བའི་བརྩམས་ཆོས་གཅིག་བསྡུས་འགྲེམ་སྟོན་དང་། གཟེབ་དྲུག་གི་མཛའ་བརྩེ་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྤེལ་ནས་ཉེན་རྟོག་པའི་གཏམ་རྒྱུད་བཤད་པ་དང་དུས་ཆེན་གྱི་སྐྱིད་སྣང་མཚོན་པར་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་བདེ་ཅུས་ཀྱིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དར་ཆ་བསྒྲེངས་པའི་མཛད་སྒོ་སྤེལ་ནས། མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་དང་བློ་དཀར་མཚོན་པར་བྱས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་བདེ་ཅུས་ཀྱིས་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་གྱི་བརྗོད་དོན་རིག་རྩལ་འཁྲབ་སྟོན་དང་ལོ་ཧྲིལ་བོའི་གྲུབ་འབྲས་འབུར་ཐོན་གྱི་གཟི་བརྗིད་གཟེངས་བསྟོད་བྱ་འགུལ་སྤེལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱིས་རིག་གནས་ལུས་རྩལ་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། འཆམ་མཐུན་སྤྲོ་སྐྱིད་ཀྱི་དུས་ཆེན་རྣམ་པ་ལེགས་པོ་མངོན་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་སྤྱི་བདེ་ཅུའུ་ཀྱིས་མི་དམངས་ཉེན་རྟོག་པའི་དུས་ཆེན་གྱི་དམག་སྒར་གཟའ་འཁོར་ལ་རྟེན་འབྲེལ་ཞུ་བ་དང་སྤྱི་བདེ་སྙིང་སྟོབས་དར་སྤེལ་བཏང་ནས་ཉེན་རྟོག་པའི་གཏམ་རྒྱུད་བཤད་ཅེས་པའི་བརྗོད་དོན་གཏམ་བཤད་འགྲན་བསྡུར་སྤེལ་བ་དང་། འགྲན་ཞུགས་པས་བྱ་བའི་ལས་རྐང་དང་ཟུང་འབྲེལ་གྱིས་ཉེན་རྟོག་པའི་གོ་རྟོགས་དང་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བཤད།

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་གཅིག་རྗེས་གཉིས་མཐུད་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲག་གཞག་དང་སྒྲིག་ཁྲིམས་ནན་སྲུང་བྱེད་པའི་སྤྱིའི་བླང་བྱར་དམ་དུ་དམིགས་ཏེ། འགན་འཁྲི་ཁག་ཁུར་བྱེད་ཕོད་ལ་འགན་སྒྲུབ་མཐའ་འཁྱོལ་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་སྤྱིའི་བརྟན་འཇགས་ལ་སྲུང་སྐྱོབ་དང་། ལྷག་བསམ་རྣམ་དག་གིས་མི་དམངས་མང་ཚོགས་ལ་ཞབས་ཞུ་སྒྲུབ་ནས། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཆེད་དུ་སྲུང་སྐྱེལ་བ་རྣལ་མ་ཞིག་བྱེད་འདོད་ཡོད།