མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་བཞི་དང་མི་སྒེར་ཉེར་ལྔར་སྐྱེ་ཁམས་སྲུང་སྐྱོབ་པུའུ་ཡིས་གཟེངས་བསྟོད་ཐོབ།
2022.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་སྔོན། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་མཚོ་སྔོན་གྱི་ཚད་ཐིག་གསུམ་དང་གསལ་ཁྲ་གཅིག་གི་བྱ་བའི་ཁྲོད་གྲུབ་འབྲས་འབུར་ཐོན་ཡིན་པའི་ཐུན་མོང་བཞི་དང་མི་སྒེར་ཉེར་ལྔ་ལ་གཟེངས་བསྟོད་བྱས། ཚད་ཐིག་གསུམ་དང་གསལ་ཁྲ་གཅིག་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས་དང་ཁོར་ཡུག་སྤུས་ཚད་ཀྱི་ཚད་མཐའ། ཐོན་ཁུངས་བེད་སྐྱོད་ཀྱི་ཚད་གཞི་དང་སྐྱེ་ཁམས་ཁོར་ཡུག་ནང་ཚུད་གསལ་ཁྲ་བཅས་ཡིན་པ་དང་། དེ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལེགས་ཞིབ་ཅན་གྱི་དོ་དམ་བྱེད་པ་དང་རྒྱལ་ཁོངས་བར་སྟོང་ཁོར་ཡུག་གི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། ལྗང་མདོག་འཕེལ་རྒྱས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གལ་ཆེན་ཞིག་ཡིན།

ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ཀྱི་གནས་ཐིག་གཏན་ཁེལ་ཇེ་ཟབ་ཏུ་བཏང་བས། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཚད་ཐིག་གསུམ་དང་གསལ་ཁྲ་གཅིག་གི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་དོ་དམ་ཚོད་འཛིན་གྱི་གྲུབ་འབྲས་ཡོངས་རྫོགས་ལེགས་འགྲུབ་བྱས་པ་མ་ཟད་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚད་ཐིག་གསུམ་དང་གསལ་ཁྲ་གཅིག་གི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་རིམ་བགར་དོ་དམ་ཚོད་འཛིན་མ་ལག་གྲུབ་པར་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཤུགས་ཡོད་ཀྱི་ལྗང་མདོག་འདེགས་སྐྱོར་འདོན་སྤྲོད་བྱས། བྱ་བའི་བརྒྱུད་རིམ་ཁྲོད། གཟེངས་བསྟོད་ཐོབ་པའི་ཐུན་མོང་དང་མི་སྒེར་གྱིས་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་མཐོན་པོས་དཀའ་ངལ་ཁྱད་སེལ་དང་ཞུམ་མེད་གསར་གཏོད་བྱས་ཏེ། དཀའ་སྡུག་མྱངས་ཐུབ་པ་དང་འཐབ་འཛིང་བྱེད་ཐུབ་པ། བྱས་རྗེས་འཇོག་ཐུབ་པའི་ཕུལ་བྱུང་སྤྱོད་ཚུལ་ལ་འགྲེལ་བཤད་གསལ་བོ་བྱས། མིག་སྔར། ཚད་ཐིག་གསུམ་དང་གསལ་ཁྲ་གཅིག་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་གཞི། རྫོང་དང་ཆུའུ་ཡི་ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་གཞི། ཆུ་བེད་དང་འགྲིམ་འགྲུལ། ནུས་ཁུངས་སོགས་ཆེད་དོན་འཆར་འགོད་སྒྲིག་བཟོ། འཆར་འགོད་དཔྱད་འཇོག་ཞིབ་བཤེར་དང་ལས་གཞི་དཔྱད་འཇོག་མཆན་འགོད། བཙོག་འདོན་ཆོག་མཆན་འཛིན་ཡིག་སྟེར་བ་བཅས་ཀྱི་ཁྲོད་ནས་བཀོལ་སྤྱོད་བཟང་པོ་བྱས།

རིན་ཆེན་མཚོས་བསྒྱུར།