ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་བསྡུས།
2022.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཉིས་སྟོང་ཉེར་གཅིག་ལོའི་བྱ་བར་སྤྱི་སྡོམ་དང་ཉིས་སྟོང་ཉེར་གཉིས་ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།

ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་འོག ལོ་ཧྲིལ་བོའི་ལས་གཞི་ཁག་གི་དམིགས་འབེན་དང་ལས་འགན་སྔོན་ལ་ལེགས་འགྲུབ་བྱས་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་འགོ་ཡག་པོ་བརྩམས། མི་དམངས་ཀྱི་དགོས་མཁོ་འདྲི་བ་རྒྱུན་འཁྱོངས་བྱས་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ཁྲིད་སྟོན་དུ་བྱས་པ་དང་། གནད་ཁེལ་ཇུས་འདོན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ལས་ཞུགས་དམིགས་འབེན་ལྷག་འགྲུབ་བྱས། དཀའ་ཁག་ཁྱད་དུ་སེལ་བ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་འགན་སྲུང་ཆུ་ཚད་གཏན་འཇགས་ངང་མཐོར་འདེགས་སུ་བཏང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས་འཇོན་མིའི་མི་དོན་གསར་གཏོད་གསོན་ཤུགས་ནུས་ལྡན་སྒོས་འདོན་སྤེལ་བྱས། རྩ་ལག་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས་ངལ་རྩོལ་འབྲེལ་བ་འཆམ་མཐུན་གཏན་འཇགས་ཡོང་བར་རྒྱུན་འཁྱོངས་བྱས་པ་དང་མང་ཚོགས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་ཡིད་ཚིམ་ཚད་མུ་མཐུད་དུ་མཐོར་འདེགས་སུ་བཏང་།

ཉིས་སྟོང་ཉེར་གཉིས་ལོར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་ཞུགས་དང་ཞབས་ཞུ། གྲོང་གསེབ་དར་སྤེལ། རྩལ་ནུས་གསོ་སྦྱོང་། བྱ་བའི་ཆེད་རྨས་ཕོག་པའི་འགན་སྲུང་གི་ཞིང་ཆེན་རིམ་པའི་གཅིག་འདོམས་ལམ་ལུགས། དངུལ་རྩའི་ཉེན་ཁ་འགོག་སྡོམ། ངལ་རྩོལ་འབྲེལ་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ཚད་ལྡན་མ་ལག་དང་དོན་ཚན་བརྒྱད་ཀྱི་ལམ་ལུགས་མ་ལག་བཅས་འཐུས་ཚང་དུ་བཏང་ནས་རྒན་གསོའི་འགན་སྲུང་ལམ་ལུགས་དང་རྒྱལ་དབང་ཁེ་ལས་ཀྱི་ཟླ་ཕོགས་བཀོད་སྒྲིག་ལམ་ལུགས། རྩལ་ནུས་འཇོན་མིའི་དཔྱད་འཇོག འཇོན་མིའི་དཔྱད་འཇོག་ལ་སྐུལ་སློང་བྱེད་པའི་རྐྱེན་སྲོལ། ལས་རིགས་ལས་ཁུངས་ཀྱི་མི་དོན་དོ་དམ་ལམ་ལུགས། གློད་སྡོམ་ཞབས་གསུམ་བཅོས་སྒྱུར་དང་བཅོས་སྒྱུར་བྱེད་ཐབས་དྲུག་བཅས་ལ་སྐུལ་འདེད་ནན་མོ་གཏོང་དགོས། ཞིང་བ་ལས་བཟོ་བའི་ཟླ་ཕོགས་སྟེར་བའི་འགན་སྲུང་སྲོལ་ཡིག་དང་། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོར་འདེགས་དང་ངོས་རྒྱ་བསྐྱེད་པའི་སྲིད་ཇུས། མ་དངུལ་དང་དངུལ་རྩའི་ལྟ་རྟོག་དོ་དམ་གྱི་འབྲེལ་ཡོད་ལམ་ལུགས། ཆེས་དམའ་བའི་ཟླ་ཕོགས་ཁྱབ་བསྒྲགས་ལམ་ལུགས་ཀྱི་སྲིད་ཇུས་གལ་ཆེན་གྱི་དོན་ཚན་བཞི་དངོས་འབེབས་ནན་མོ་བྱེད་དགོས། ལས་ཞུགས་ཞབས་ཞུའི་འགན་སྲུང་དང་ངལ་རྩོལ་ཚོང་རྟགས་གསར་སྐྲུན་བྱེད་པ། ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་མཐོར་འདེགས་དང་རྩལ་ནུས་འཇོན་མིའི་ཞབས་ཞུ། ལས་རིགས་སྲོལ་བཟང་འཛུགས་སྐྲུན་སྲ་བརྟན་དང་མཐོར་འདེགས་གཏོང་བ་བཅས་ཞབས་ཞུའི་བྱེད་སྒོ་ལྔ་གཏིང་ཟབ་ཏུ་སྤེལ་ནས་མིག་མཐོང་ལག་ཟིན་གྱི་བྱེད་ཐབས་དང་འགུལ་སྐྱོད་ལ་བརྟེན་ནས་ཇུས་ཆོད་བཀོད་སྒྲིག་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་སུ་དངོས་འབེབས་བྱེད་པ་དང་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།

མི་ཕམ་མགོན་པོས་བསྒྱུར།