ལོ་སར་དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་གཏན་འཇགས་རེད།
2022.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་གཉིས་པའི་ཚེས་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སར་དུས་ཆེན་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོས་བདེ་འཇགས་ཚད་མཐའ་གཏན་སྲུང་བྱས་ཏེ། མགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་དང་། ཉེན་ཁ་ཚབས་ཆེན་ལ་དམིགས་ནས། ཞིབ་བཤེར་རྟོག་ཞིབ་བྱེད་པ་ཤུགས་དྲག་ཏུ་བཏང་བ་དང་། བྱེད་ཐབས་དངོས་འབེབས་ནན་མོ་བྱས། མགོ་ཁྲིད་ལས་བྱེད་པས་ལས་གནས་སྟེང་སྣེ་ཁྲིད་བྱེད་པ་དང་དུས་ཚོད་ཉེར་བཞིའི་རིང་གི་ལས་རེས་བརྟན་སྲུང་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། འཕྲལ་བསྟུན་སྔོན་འགོག་དང་ལས་རེས་བརྟན་སྲུང་བྱ་བ་ལེགས་པོར་སྒྲུབ་པས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་ཡིན་ལ། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེ། མེ་སྐྱོན་སོགས་ཚབས་ཆེན་རང་བཞིན་གྱི་ཡར་ཞུ་འབྱོར་མེད།

ཞིང་ཆེན་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་། འཕྲལ་བསྟུན་དོ་དམ་གྱི་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཟབ་མོ་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་དང་། ས་རྒྱུ་གནོད་འཚེ། ཤོག་སྦག  གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་དང་ཉེན་འགོག་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་དང་ཉམ་ཞན་སར་དམ་དུ་དམིགས་ནས། བདེ་འཇགས་རྐྱེན་ངན་ལ་ཞིབ་བཤེར་བྱས་ཏེ། ལོ་སར་དུས་ཆེན་སྐབས་སུ་ཐོན་སྐྱེན་བདེ་འཇགས་ཀྱི་དོན་རྐྱེན་དང་རང་བྱུང་གནོད་འཚེ་འབྱུང་བར་སྔོན་འགོག་ཕན་འབྲས་ལྡན་པ་བྱས།

ལོ་སར་དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཞིང་ལས།ནགས་ལས།ཕྱུགས་ལས།ཉ་ལས་དང་། གཏེར་འདོན་ལས་རིགས། ཚོང་གཉེར་བཟོ་བསྐྲུན་ལས་རིགས། འཛུགས་བསྐྲུན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། མི་མང་འདུ་ས་དང་ཡུལ་སྐོར། ཆུ་དང་གློག་འདོན་སོགས་ཀྱི་ལས་རིགས་ཁྱབ་ཁོངས་སུ་ཐོན་སྐྱེན་བདེ་འཇགས་ཀྱི་དོན་རྐྱེན་བྱུང་མེད།

ཞིང་ཆེན་ས་ཡོམ་ཅུས་ཀྱིས་ས་ཡོམ་ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ས་ཡོམ་གནས་ཚུལ་ལ་ལྟ་ཞིབ་རྗེས་འདེད་དང་ཞིབ་འཇུག་དབྱེ་ཞིབ་བྱ་བ་ལེགས་པོར་སྒྲུབ། ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཞིབ་མོ་བྱས་ཏེ། སྔོན་བརྡ་དང་ཉེན་བརྡའི་ཆ་འཕྲིན་དུས་ལྟར་ཡོངས་བསྒྲགས་བྱས་ཡོད།

                                                                                                 རིག་འཛིན་སྒྲོལ་མས་བསྒྱུར།