ཉེ་ལམ། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་པའི་གནས་ཚུལ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཞུགས་བརྟན་འཇགས་དང་ལས་ཞུགས་འགན་སྲུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་སྤྱི་ཐུན་ལས་ཞུགས་ཞབས་ཞུ་ལ་གཅིག་གྱུར་སྒོར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། སྔར་ལས་ལེགས་ཤིང་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཆེད། ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཐུན་ལས་ཞུགས་ཞབས་ཞའི་ཆེད་དོན་བྱ་འགུལ་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་སྤྱི་ཐུན་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་འགུལ་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ལག་བསྟར་ཇུས་གཞི་དེས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཞབས་ཞུའི་སྤུས་ཚད་བཟོ་སྐྲུན་མཐོར་འདེགས་སུ་གཏོང་བ་དང་ཞིང་བ་ལས་བཟོ་བའི་ལས་ཞུགས་ལས་སྤེལ་འགུལ་སྐྱོད་གཅིག་གྱུར་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་ཞུགས་སྲིད་ཇུས་དངོས་འབེབས་དང་ལས་ཞུགས་ཞབས་ཞུ་ལག་བསྟར་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས། རིམ་པ་སོ་སོའི་སྤྱི་ཐུན་ལས་ཞུགས་ཞབས་ཞུའི་སྟེགས་བུར་སྐུལ་འདེད་གཏོང་བ་དང་མཛུབ་སྟོན་བྱེད་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ལས་ཞུགས་དཀའ་ཁག་ཅན། ཞིང་བ་ལས་བཟོ་བ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་ལས་ཞུགས་ཚོགས་པ་དང་རིགས་མི་འདྲ་བའི་ལས་བཟོ་བ་བཀོལ་བའི་ལས་ཁུངས་ཀྱི་ཞབས་ཞུའི་དགོས་མཁོ་ལ་དམིགས་ཏེ། ལས་མི་བསྡུ་བ་དང་སྲིད་ཇུས་དྲིལ་སྒྲོག ལས་རིགས་མཛུབ་སྟོན། རྩལ་ནུས་གསོ་སྦྱོང་སོགས་ཕྱོགས་ཡོངས་ཀྱི་ལས་ཞུགས་ཞབས་ཞུའི་བྱེད་ཐབས་འདོན་སྤྲོད་ཆེན་པོ་བྱེད་པ་དང་། ལས་གནས་ཆ་འཕྲིན་འབྲེལ་མཐུད་ཐབས་ལམ་སྔར་ལས་ཇེ་མང་དུ་གཏོང་བ། ཚོགས་པ་གཙོ་བོའི་ཁྱད་པར་ཅན་ལ་དམིགས་ཤིང་ཞིབ་ཕྲ་ཅན་གྱི་ལས་ཞུགས་རོགས་སྐྱོར་ནུས་པ་ཇེ་ཆེར་གཏོང་བ། སྤྱི་ཐུན་ལས་ཞུགས་ཞབས་ཞུའི་དངོས་ཕན་མཐོར་འདེགས་སུ་གཏོང་བར་མ་ཟད། ཁེ་ལས་འབྲིང་ཆུང་དང་དམངས་གཉེར་ཁེ་ལས་སོགས་ཚོང་རའི་གཙོ་གཞིའི་འཕེལ་རྒྱས་རོགས་འདེགས་བྱེད་པ་དང་། གྲོང་གསེབ་ངལ་རྩོལ་མཁན་གྱི་སྤུས་ཚད་མཐོ་བའི་ལས་ཞུགས་ལས་སྤེལ་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་འདོན་ངེས་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།