ད་ལོར་གཅན་ཚ་རྫོང་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་དཔེ་མཚོན་དུ་གསར་སྐྲུན་བྱེད་རྒྱུ་རེད།
2022.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་ལམ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་གཅན་ཚ་རྫོང་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་དེ་དུས་རབས་གསར་བའི་ཞིང་གསུམ་བྱ་བའི་གོ་གནས་གལ་ཆེན་དུ་བཞག་སྟེ། མཚོ་སྔོན་གྲོང་གསེབ་དར་སྤེལ་གྱི་དཔེ་མཚོན་དུ་གསར་སྐྲུན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་འབྲེལ་མཐུད་སྲ་བརྟན་དམ་འཛིན་བྱེད་པ། ནུས་ཤུགས་གང་ཡོད་སྒོས་དམངས་ཚིས་ལེགས་བཅོས་དང་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།

གྲོང་གསེབ་དར་སྤེལ་བྱ་བ་སྒྲུབ་འགོ་བརྩམས་པའི་ཚུན་ལ། གཅན་ཚ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་དེ་བྱ་བ་ཀུན་གྱི་གཙོར་བཞག་ནས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཤུགས་ཆེན་པོས་ཐོན་ལས་འཕེལ་རྒྱས་དང་གནས་གཞན་དུ་སྤར་རྗེས་མུ་མཐུད་དུ་རོགས་སྐྱོར་བྱེད་པ། གྲོང་གསེབ་འཛུགས་སྐྲུན། ཁོར་ཡུག་དག་ཐེར་བཅོས་སྐྱོང་སོགས་ཀྱི་བྱ་བར་སྐུལ་བཏང་ནས། གྲོང་གསེབ་མཉམ་བསྲེས་དང་ཁུལ་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཆགས་སྟགས་ཆགས་པར་བྱས། ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་དུ་གཅན་ཚ་རྫོང་གི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཕོངས་ལས་ཐར་བ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པར་གཅན་ཚ་རྫོང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་གཙོ་བོར་གཏན་འཁེལ་བྱས།

བཀྲ་ཤིས་འབུམ་གྱིས་བསྒྱུར།