རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོན་པོའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་བཏོན།
2022.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ལ། རང་ཞིང་གིས་གཅིག་གྱུར་འཆར་འགོད་དང་། མ་ལག་ཇུས་འགོད། ལམ་ལུགས་འགན་སྲུང་བཅས་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཀྱི་ཆུ་ཚད་མཐོན་པོའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཞབས་ཞུ་ཧུར་ཐག་དང་འདེགས་སྐྱོར་ནུས་པ་འདོན་པར་སྐུལ་འདེད་བཏང་།

ཇུས་འགོད་ལམ་ལུགས་འཛུགས་བསྐྲུན་ཤུགས་དྲག་ཏུ་བཏང་བ་སྟེ། རང་ཞིང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཇུས་གཞི་དཔར་འགྲེམ་བྱས་ཏེ་ལག་བསྟར་བྱས་པ་དང་། གཙོ་གནད་ཆུ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཆེད་དོན་ཇུས་གཞི་སྒྲིག་འགོད་བྱས་ནས། ལམ་ལུགས་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ། བྱ་བ་གཙོ་བོར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་འདང་སར་དམིགས་ཏེ། མིག་སྔའི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད་ཡུན་རིང་བཀོད་སྤྱོད་བྱེད་ཆོག་པའི་ལམ་ལུགས་ཉེར་ལྔ་གཏན་འབེབས་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་བྱ་བའི་བླང་བྱ་དངོས་འབེབས་ཞིབ་ཚགས་བྱེད་པར་ཁག་ཐེག་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་བསྡུས་ཁྲིམས་བསྟར་དང་། ནང་ཁུལ་དོ་དམ་ཕྱོགས་ཀྱི་ལམ་ལུགས་ཆ་ཚང་བཅོ་བརྒྱད་གཏན་འབེབས་བྱས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཐེ་གཏོགས་བྱེད་པའི་སྲིད་འཛིན་དོན་ཚན་ཐོ་འགོད་བྱེད་པ་དང་རླུང་ཁམས་ཆེན་མོའི་བརྫད་སྐྱོན་འགོག་བཅོས་ཀྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་གཏན་འབེབས་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་གཉིས་སྦྲེལ་མཐུད་བྱེད་པའི་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཏེ། རིམ་བཞིན་ཆ་ཇེ་ཚང་དུ་གཏོང་བའི་ལམ་ལུགས་མ་ལག་གིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབས།

                                                                                རིག་འཛིན་སྒྲོལ་མས་བསྒྱུར།