ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་ལས་འགན་གྱི་གྲུབ་འབྲས་དཔྱད་ཞིབ་བྱ་བ་སྤེལ་འགོ་བརྩམས།
2022.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་ལས་འགན་གྱི་གྲུབ་འབྲས་དཔྱད་ཞིབ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་ཡོངས་ཀྱི་དམིགས་འབེན་ལས་འགན་གྱི་གྲུབ་འབྲས་དཔྱད་ཞིབ་བྱ་བར་བཀོད་སྒྲིག་དང་། དཔྱད་ཞིབ་ཇུས་གཞི་འགྲེལ་ཀློག་བྱས་པ་དང་གསོ་སྦྱོང་སྤེལ།

རྒྱུས་ལོན་པ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་ལས་འགན་གྱི་གྲུབ་འབྲས་དཔྱད་ཞིབ་བྱེད་པ་དེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱས་ཡོད་མེད་ལ་བལྟ་རྒྱུ་དང་། གཏན་ཁེལ་གཉིས་ལ་སྲུང་སྐྱོབ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིན་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་པ་དེ། ལས་བྱེད་པའི་ཆབ་སྲིད་བློ་དཀར་དང་ཆབ་སྲིད་ཁག་ཁུར། ཆབ་སྲིད་ནུས་པ་བཅས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བྱེད་པ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་མེད་དེ། རང་འགན་ནན་སྒྲུབ་དང་བྱེད་ཕྱོགས་ཁག་ཁུར་བྱས་ཡོད་མེད། ལོ་ཧྲིལ་བོའི་དམིགས་འབེན་ལས་དོན་གལ་ཆེན་དག་ལ་སྐུལ་འདེད་བཏང་བའི་ལེགས་འགྲུབ་གནས་ཚུལ་སོགས། ལས་བྱེད་པའི་ཆབ་སྲིད་གྲུབ་འབྲས་ལ་དཔྱད་འཇོག་བྱེད་པའི་རྩ་བའི་གཞི་འཛིན་ས་བྱས་ཏེ། ཆབ་སྲིད་སྤུས་ཚད་ལ་དཔྱད་ཞིབ་གནད་ཁེལ་ཡང་དག་བྱེད་པ་དང་། བྱ་བའི་གྲུབ་འབྲས་ལ་དཔྱད་ཞིབ་ཞིབ་ཅིང་ཕྲ་བ་བྱེད་རྒྱུ་རེད།

དཔྱད་ཞིབ་ཚན་ཆུང་སོ་སོས་ཚན་རིག་དང་མཐུན་ཞིང་གཟབ་ནན་ཆེ་བ་དང་། གཞུང་དྲང་ཚུལ་མཐུན། བདེན་འཚོལ་དོན་གཉེར་གྱི་དཔྱད་ཞིབ་བྱ་བའི་རྨང་གཞིའི་སྟེང་། གནད་ཁེལ་རང་བཞིན་གྱི་ཞན་ཆ་དང་མི་འདང་ས་འཚོལ་བ་དང་། དཔྱད་ཞིབ་བྱས་པའི་ལས་ཁུངས་ཀྱིས་ཚན་ཁག་འཛུགས་པ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་འབུར་དུ་ཐོན་པ་དག་ལ། ཁ་གཏད་རང་བཞིན་ལྡན་པའི་བཅོས་སྒྱུར་བསམ་ཚུལ་འདོན་སྤྲོད་བྱེད་རྒྱུ་རེད། དེར་མ་ཟད། དཔྱད་ཞིབ་ཀྱི་དམིགས་ཚད་སྒྲིག་གཞི་དང་། དཔྱད་ཞིབ་བྱེད་སྟངས་ཀྱི་བྱེད་ཐབས་བཅོས་སྒྱུར་བྱེད་པ། དཔྱད་ཞིབ་མཇུག་འབྲས་བེད་སྤྱོད་སོགས་ཀྱི་བྱ་བ་གལ་ཆེན་ལ་དམིགས་ནས། དཔྱད་ཞིབ་བྱས་པའི་ལས་ཁུངས་དང་ལས་བྱེད་མང་ཚོགས་ཀྱི་བསམ་ཚུལ་འདོན་སྤྲོད་ལ་ཉན་རྒྱུ་རེད།

                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།