རང་ཞིང་གི་གྲོང་གསེབ་སྡོད་དམངས་འབུམ་གཅིག་དང་ཁྲི་ལྔའི་སྡོད་ཁང་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་།
2022.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་གྲོང་གསེབ་ཀྱི་སྤྱིལ་ཁང་ཁུལ་གྱི་ཁང་བ་སྟོང་གཉིས་དང་དྲུག་བརྒྱ་ང་བཞི་ལ་བསྒྱུར་བཀོད་བྱས་པ་དང་། གློག་སྐས་མེད་པའི་རིམ་མང་ཐོག་ཁང་བརྒྱ་ལ་གློག་སྐས་ལས་ལ། གྲོང་གསེབ་ཀྱི་སྡེ་ཁུལ་རྙིང་བའི་ཁང་བ་ཁྲི་ལྔ་དང་སྟོང་གཅིག་ལྔ་བརྒྱར་བསྒྱུར་བཀོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་འབུམ་གཅིག་དང་ཁྲི་ལྔའི་སྡོད་ཁང་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཆེས་ཐོག་མའི་ཕྱི་ཚུལ་མཛེས་བསྒྱུར་ལས་བཟོ་སྐྲུན་ཐད་ཀྱི་ནུས་ཁུངས་གྲོན་ཆུང་ཆུ་ཚད་མཐོར་གཏོང་བ་དང་། རྨང་གཞི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུ་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ཕྱོགས་བསྡུས་བསྒྱུར་བཀོད་ཀྱི་འགྱུར་ལྡོག་མངོན་འགྱུར་བྱུང་བ་དང་། སྡེ་ཁུལ་གཅིག་ལ་བསྒྱུར་བཀོད་བྱེད་པ་ནས་ས་ཁུལ་མཉམ་འབྲེལ་སྒོས་བསྒྱུར་བཀོད་བྱེད་པར་བསྒྱུར་ལ། སྔོན་ཆད་ཀྱི་སྲིད་གཞུང་ཁོ་ནར་བརྟེན་ནས་བསྒྱུར་བཀོད་བྱེད་པ་ལས་སྡོད་དམངས་དེའི་ཁྲོད་ཞུགས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་བྱེད་པ། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མཉམ་དུ་ཤུགས་འདོན་པ་དང་མཉམ་ལས་སྒོས་སྤེལ་བའི་བསྒྱུར་བས། གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ཕན་འབྲས་ལྡན་པའི་སྒོ་ནས་ཇེ་ལེགས་སུ་བཏང་།

དེ་དང་མཉམ་དུ། མང་ཚོགས་ཀྱིས་ཆེས་དོ་སྣང་བྱེད་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། ཁྱིམ་ཚང་ཁྲི་བཞི་དང་སྟོང་གསུམ་དང་འབྲེལ་བའི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འགུལ་མེད་ཐོན་དབང་འཛིན་ཡིག་ལེན་མི་ཐུབ་པའི་གནད་དོན་ཐག་བཅད་པ་མ་ཟད། སྤྱི་ཐུན་གླ་ཁང་གི་དོ་དམ་རྩ་གནད་ཞིབ་ཕྲ་གཏན་འབེབས་དང་འཐུས་ཚང་དུ་བཏང་བ་དང་། མ་མཐའི་འཚོ་བར་འགན་སྲུང་བྱེད་པ་དང་ཡོང་སྒོ་དམའ་ཞིང་སྡོད་ཁང་མེད་པའི་ཁྱིམ་ཚང་གིས་ཁང་བར་སྒུག་པའི་དུས་ཡུན་ཇེ་ཐུང་དུ་བཏང་།

དེ་ལས་གཞན། སྤྱི་ཐུན་གླ་གཏོང་ཆ་འཕྲིན་མ་ལག་བརྟན་བརླིང་ངང་འཛུགས་སྐྲུན་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཉིས་སྤྱི་ཐུན་གླ་ཁང་སྟེགས་བུའི་ཚོད་ལྟ་གྲོང་ཁྱེར་དུ་བདམས་ལ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཞབས་ཞུ་བྱ་བ་ལྔའི་ཐད་ནས་ཞིང་ཆེན་བརྒལ་ནས་སྒྲུབ་ཆོག་པར་བྱས་ཏེ། ལས་བཟོ་བ་ས་ཆ་མང་པོར་རྒྱུག་མི་དགོས་པ་དང་ཡང་དང་བསྐྱར་དུ་རྒྱུག་མི་དགོས་བྱས་པ་དང་། བྱ་བ་སྒྲུབ་པའི་ལས་ཆོད་ཁྱོན་ཡོངས་ནས་མཐོར་འདེགས་བྱུང་། མ་དངུལ་འཁོར་རྒྱུག་ཐད་ཀྱི་ཉེན་ཁ་སྔོན་བརྡ་རྐྱེན་སྲོལ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས།

ཡིག་བསྒྱུར་བ། རིན་ཆེན་མཚོ།