མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོར། རང་ཞིང་གིས་ལས་གཞི་གལ་ཆེན་བདུན་བརྒྱ་དང་སུམ་ཅུ་ལྷག་ལག་བསྟར་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། མ་དངུལ་སྒོར་ཁྲག་ཁྲིག་གཉིས་ཡན་གཏོང་རྒྱུའི་འཆར་གཞི་བཟོས་ཡོད། དུས་ཚིགས་དང་པོར་བརྟན་འཇགས་ཡོང་བར་བྱེད་པ་དང་། ཐོག་མ་ནས་བཟུང་གྲུབ་འབྲས་བཟང་པོ་ལེན་ཐུབ་པ། ལོ་ཧྲིལ་བོའི་འགོ་བཟང་བོ་ཞིག་རྩོམ་པར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཕྱོགས་མང་པོ་ནས་ཤུགས་བཏོན་ནས། ལས་གཞིར་འདེགས་སྐྱོར་བཟང་པོ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་ལས་གཞི་འགོ་རྩོམ་པ་དང་ལས་གཞི་ལག་བསྟར་བྱེད་པ། མ་དངུལ་གཏོང་བ་བཅས་ལ་སྐུལ་འདེད་བཏང་།
2022ལོའི་ཞིང་ཆེན་ཡོངས་ཀྱི་ལས་གཞིར་འདེགས་སྐྱོར་བཟང་པོ་བྱས་ནས། ལོ་ཧྲིལ་བོའི་བྱ་བ་འགོ་ཚུགས་ས་མཐོན་པོ་ནས་འགོ་རྩོམ་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་འགོ་རྩོམ་པར་ཁག་ཐེག་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དངུལ་གཏོང་ས་གཙོ་བོར་དམ་དུ་དམིགས་པ་དང་ས་ཁུལ་གཙོ་བོ་འབུར་དུ་ཐོན་པར་བྱས་པ་དང་། ལས་གཞི་གལ་ཆེན་གཙོར་འཛིན་པ། དུས་ཚིགས་བཟང་པོའི་སྐབས་ཀྱི་བཟོ་སྐྲུན་ལ་གཞིགས་ནས། 2021ལོའི་ཟླ་བཅུ་བའི་ཚུན་དུ་སྔ་མོ་ནས2022ལོའི་ལས་གཞི་བྱ་བར་འཆར་འགོད་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་གཉིས་དང་ས་ཁུལ་དང་མཉམ་འབྲེལ་སྒོས་ལས་གཞིའི་དངུལ་གཏོང་དམིགས་འབེན་དང་མ་དངུལ་གྱི་ཡོང་ཁུངས། སྔོན་དུས་ཀྱི་ལག་བསྟར། རེ་རེ་བཞིན་གཏན་ཁེལ་གསལ་བོ་དང་རེ་རེ་བཞིན་ཞིབ་བསྡུར། རིམ་པ་བཞིན་ལག་བསྟར་བྱེད་པ་སོགས་ལ་ཁ་གཏད་དེ། 2022ལོར་ལས་གཞི་བདུན་བརྒྱ་དང་སུམ་ཅུ་ལྷག་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ལོ་ཧྲིལ་བོར་མ་དངུལ་སྒོར་ཁྲག་ཁྲིག་གཉིས་ཡན་གཏོང་རྒྱུའི་འཆར་གཞི་བཟོས་ནས། ཤུགས་ཡོད་པ་དང་ཕན་འབྲས་ལྡན་པའི་སྒོ་ནས་ལོ་ཧྲིལ་བོའི་དངུལ་གཏོང་བརྟན་བརླིང་ངང་འཕར་སྣོན་འབྱུང་བར་འདེགས་སྐྱོར་བྱེད་རྒྱུ་རེད།
ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལས་གཞི་གལ་ཆེན་ལག་བསྟར་བྱེད་འགོ་རྩོམ་པ་དང་ཡང་བསྐྱར་ལག་བསྟར་བྱེད་པའི་བྱ་བ་དེ་དུས་ཚིགས་དང་པོའི་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། མྱུར་དུ་འགོ་བརྩམས་པ་དང་མྱུར་དུ་ལག་བསྟར། མྱུར་དུ་ཐོད་བརྒལ་བྱས་པ་དང་། ཐེངས་མང་པོར་ཆེད་དོན་སྦྲེལ་མཐུད་བྱས་ནས། ལོ་ཧྲིལ་བོའི་ལས་འགན་བགོ་བཤའ་དང་གཏན་ཁེལ་བྱས་ལ། དུས་མཉམ་དུ2022ལོའི་དུས་ཚིགས་དང་པོར་ལག་བསྟར་བྱེད་འགོ་རྩོམ་པའི་ལས་གཞིའི་གལ་ཆེན་ཐད་ཀྱི་མཛུབ་སྟོན་འཆར་གཞི་བཏོན་པ་དང་། སྔོན་དུས་ཀྱི་མཁྲེགས་གཏོར་ཆེད་དོན་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་ལ། སྔོན་དུས་ཀྱི་གྲོན་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེར་བཏང་བ་དང་། རྗེས་འདེད་མཐུན་སྦྱོར་ལ་ཤུགས་བསྣན་པ་དང་། ལས་གཞིའི་སྔོན་དུས་ཀྱི་ལག་བསྟར་དང་བཀོད་གཏོང་། ལག་བསྟར་རྩ་འཛུགས་སོགས་ཐད་ནས་སྦྲེལ་མཐུད་བཟང་པོ་བྱས། ལས་གཞིའི་ཐད་ཀྱི་ས་ཞིང་བཀོལ་སྤྱོད་དང་ཁོར་ཡུག་དཔྱད་འཇོག འཆར་འགོད་སོགས་འབུར་ཐོན་དཀའ་གནད་མཐུན་སྦྱོར་ངང་ཐག་བཅད་དེ། ལས་གཞི་འཆར་གཞི་ལྟར་ལག་བསྟར་བྱེད་ཐུབ་པར་ཁག་ཐེག་བྱས།
རིན་ཆེན་མཚོས་བསྒྱུར།