ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་འགྲེམ་སྤེལ་བྱས་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ལག་བསྟར་དང་དངོས་འབེབས་བཟང་པོ་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་འགའ་འགྲེམ་སྤེལ་བྱས་ཏེ། རང་ཞིང་གིས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ལྔ་དང་བྱེ་བྲག་བྱེད་ཐབས་ཉེར་གཅིག་གཏན་འཁེལ་བྱས།
བྱེད་ཐབས་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་དམིགས་ཏེ། ཁྲིམས་སྐྱོང་རིགས་གཞུང་དང་ཁྲིམས་སྐྱོང་རིག་གནས་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལྷག་པར་དུ་ཁྲིམས་སྐྱོང་མཚོ་སྔོན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་ཞིང་ཁྲིམས་སྐྱོང་རིགས་གཞུང་ཞིབ་འཇུག་གྲུབ་འབྲས་དེ་བཀོལ་སྤྱོད་བྱེད་པར་བསྒྱུར་བར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ནུས་ལྡན་གྱི་རིགས་གཞུང་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད།
བྱེད་ཐབས་ལས་བསྟན་དོན། ཁྲིམས་སྐྱོང་རིག་གནས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དེ་ཁྲིམས་སྐྱོང་འཛུགས་སྐྲུན་དང་མཉམ་བསྲེས་བྱེད་པ་དང་། ཁྲིམས་སྐྱོང་རིག་གནས་དང་གསར་བརྗེ་རིག་གནས་ཀྱི་སྐྱེ་ལྡན་མཉམ་བསྲེས་ལ་སྐུལ་འདེད་གཏོང་དགོས་ལ། སྲོལ་རྒྱུན་རིག་གནས་རྒྱུ་ཆ་དེ་ཁྲིམས་སྐྱོང་རིག་གནས་རྐང་ཚུགས་པར་ཡར་སྐུལ་བྱེད་པ་དང་། ཁྲིམས་སྐྱོང་རིག་རྩལ་གསར་རྩོམ་ལ་ཤུགས་བསྣན་ནས། དྲིལ་སྒྲོག་བརྒྱུད་གཏོང་ཐབས་ལམ་རྒྱ་བསྐྱེད་དགོས། ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱ་བའི་བརྗེ་རེས་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་དཀའ་གནད་གཙོ་བོ་ཐག་གཅོད་པ་དང་ཞན་ཆ་ཁ་གསབ་བྱས་ནས། ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་གྱི་དུས་རབས་ནང་དོན་ཕུན་སུམ་ཚོགས་པར་གཏོང་དགོས།
བྱེད་ཐབས་ལས་ད་དུང་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་འཁུར་དང་པོ་དངོས་འབེབས་བྱེད་པ་དང་གཅིག་གྱུར་སྒོས་འཆར་འགོད་དང་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ། གྲོན་དངུལ་འགན་སྲུང་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཕྱོགས་བཞི་ནས། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ལ་ཤུགས་སྣོན་པའི་བྱེད་ཐབས་དངོས་འབེབས་བཟང་པོ་བྱེད་པར་རེ་བ་གསལ་བོ་བཏོན།
བཀྲ་ཤིས་འབུམ་གྱིས་བསྒྱུར།