རང་ཞིང་གི་གཞི་རྩའི་སྨན་བཅོས་ཁྲོད་ཞུགས་པའི་མི་གྲངས་ས་ཡ་ལྔ་དང་འབུམ་དྲུག་ཁྲི་བརྒྱད་དང་སྟོང་བཞི་བརྒྱད་བརྒྱར་བསླེབ་རྒྱུ་རེད།
2022.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ཚད་ཇེ་མང་དུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། འགན་སྲུང་བྱེད་འོས་པ་ཚང་མར་འགན་སྲུང་བྱེད་པར་ཁག་ཐེག་བྱེད་ཆེད། ཉེ་ལམ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས2022ལོའི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་ཚད་ཇེ་མང་དུ་གཏོང་བའི་ལས་འགན་བཏོན་ནས། 2022ལོའི་གཞི་རྩའི་འགན་སྲུང་ཁྲོད་ཞུགས་པའི་ཚད་ཇེ་མང་དུ་གཏོང་བའི་ལས་འགན་མི་གྲངས་ས་ཡ་ལྔ་དང་འབུམ་དྲུག་ཁྲི་བརྒྱད་སྟོང་བཞི་དང་བརྒྱད་བརྒྱར་སླེབས་དགོས་པ་གཏན་ཁེལ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ལོ་སྟོད་ཀྱི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཇེ་མང་དུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་སྟེང་། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཀྱི་འགྱུར་ལྡོག་དང་ངལ་རྩོལ་མི་སྣའི་འཁོར་རྒྱུག་སོགས་གནས་ཚུལ་དངོས་ལ་གཞིགས་ནས། རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་ཀྱི་ཚད་བརྒྱ་ཆའི་གོ་ལྔའི་ཡན་དུ་སླེབས་པའི་དམིགས་འབེན་རེ་བ་ཚད་གཞིར་བཟུང་ནས། 2022ལོའི་གཞི་རྩའི་སྨན་བཅོས་ཁྲོད་ཞུགས་པའི་མི་གྲངས་ཇེ་མང་དུ་གཏོང་བའི་ལས་འགན་མི་གྲངས་ས་ཡ་ལྔ་དང་འབུམ་དྲུག་ཁྲི་བརྒྱད་སྟོང་བཞི་བརྒྱད་བརྒྱར་བསླེབ་པར་བྱེད་རྒྱུ་གཏན་ཁེལ་བྱས། དེའི་ཁྲོད། ལས་བཟོ་བའི་སྨན་བཅོས་འགན་སྲུང་མི་གྲངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་ལྔ་སྟོང་གཉིས་དང་དགུ་བརྒྱ་རུ་བསླེབ་པ་དང་། སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མི་གྲངས་ས་ཡ་བཞི་དང་འབུམ་ལྔ་ཁྲི་གསུམ་སྟོང་གཅིག་དགུ་བརྒྱར་བསླེར་པར་བྱེད་རྒྱུ་རེད། བུ་སྐྱེས་ཉེན་སྲུང་ཁྲོད་ཞུགས་པའི་ཚད་ཇེ་མང་དུ་གཏོང་བའི་ལས་འགན་མི་གྲངས་འབུམ་དྲུག་དང་ཁྲི་བཞི་སྟོང་བཞི་ལ་བསླེབ་པར་བྱེད་རྒྱུ་རེད།

གོ་རིམ་རྗེས་མར། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་གྲོང་ཁྱེར་དང་ཁུལ་སོ་སོའི་ལྟ་སྐུལ་བྱེད་ཤུགས་ཆེར་གཏོང་བ་དང་། དུས་བཀག་ལྟར་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ལ། ཁྲལ་དོན་སྡེ་ཁག་བར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་སྐུལ་སློང་དང་སྨན་བཅོས་འགན་སྲུང་དངུལ་སྤྲོད་པའི་བྱ་བ་དམ་འཛིན་བྱས་ཏེ། འགན་སྲུང་ཁྲོད་ཞུགས་འོས་པ་ཚང་མ་ཞུགས་ཏུ་འཇུག་པར་ཁག་ཐེག་བྱེད་རྒྱུ་རེད། དེ་དང་མཉམ་དུ། སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་དྲིལ་སྒྲོག་ལ་ཤུགས་བསྣན་ནས། མང་ཚོགས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།