ན་ནིང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་འཆར་གཞིའི་འཕར་ཚད་སུམ་སྟོང་ཆིག་བརྒྱ་བཞི་བཅུར་སླེབས།
2022.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭའི་དངོས་གཞི་དང་ཆེད་སྦྱོང་། ཞིབ་འཇུག་སློབ་མའི་སློབ་བསྡུའི་འཆར་གཞི་གཏན་འཇགས་ངང་རྒྱ་བསྐྱེད་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྟོབས་ཤུགས་ཕུལ།

ཉིས་སྟོང་ཉེར་གཅིག་ལོར་ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭས་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་བསྡུའི་འཕར་ཚད་སུམ་སྟོང་ཆིག་བརྒྱ་བཞི་བཅུར་སླེབས། དངོས་གཞི་མཐོ་རིམ་སློབ་གྲྭའི་ཐོན་ཁུངས་རྒྱ་བསྐྱེད་བཟོ་སྐྲུན་ལག་བསྟར་བྱས་པ་དང་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བརྒྱད་འབུམ་དགུ་དངོས་འབེབས་བྱས། མཉེན་ཆས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རང་རེའི་ཞིང་ཆེན་དང་རྒྱལ་ཡོངས་མཐོ་རིམ་སློབ་གསོའི་སྤྱིའི་ཆུ་ཚད་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བར་ཐོན་ཁུངས་ཀྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།

དེ་དང་མཉམ་དུ་ཉིས་སྟོང་ཉི་ཤུ་ལོ་ནས་བཟུང་། ལོ་མང་པོའི་རིང་གི་སྲིད་ཇུས་ལ་འགྱུར་ལྡོག་ཐེབས་ནས་འབྲིང་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མ་མཐོ་རྒྱུགས་ལ་ཞུགས་པའི་ཚད་བཀག་མེད་པར་བཏང་བ་དང་ལོ་གཉིས་ལ་ཁྱོན་སྡོམ་སློབ་མ་བཞི་སྟོང་ལྔ་བརྒྱ་བཅུ་བདུན་ལ་ཕན་པ་ཐོབ། དངོས་འཕར་གཞི་རྒྱ་གཏན་འཇགས་ངང་རྒྱ་བསྐྱེད་ནས་ཉིས་སྟོང་ཉེར་གཅིག་ལོའི་དངོས་འཕར་འཆར་གཞི་འཕར་ཚད་དྲུག་བརྒྱ་སུམ་ཅུར་སླེབས་པ་དང་འཕར་ཚད་བརྒྱ་ཆའི་ཉིས་བརྒྱ་དང་བདུན་ཅུ་ཡིན་ལ། དངོས་གཞིའི་སློབ་གསོ་མྱོང་འདོད་ཡོད་པའི་མཐོ་རིམ་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མར་གོ་སྐབས་གང་ལེགས་བསྐྲུན།

མི་ཕམ་མགོན་པོས་བསྒྱུར།