རི་ལྗང་ཆུ་དྭངས་ལ་སྲུང་སྐྱོབ་གང་ལེགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་དམིགས་བསལ་གྱིས་དབུལ་ཕོངས་མི་གྲངས་ཀྱི་ཁྲོད་ནས་སྐྱེ་ཁམས་བདག་སྐྱོང་བ་གདམ་གསེས་གདན་ཞུ་བྱས་ཏེ། ཁོ་ཚོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པས། གདམ་གསེས་བྱས་པའི་སྐྱེ་ཁམས་བདག་སྐྱོང་བ་རྣམས་ལ་སྐྱེ་ཁམས་བདག་སྐྱོང་ལ་བརྟེན་ནས་ཁེ་ཕན་ཆེན་པོ་ཐོབ། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་འབྲེལ་བའི་སྤྱི་ཕན་ལས་གནས་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔ་དང་བརྒྱ་ཐམ་པ་ཡོད་ཅིང་། དེའི་ཁྲོད་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཐར་ལས་གནས་ཁྲི་བཞི་དང་སྟོང་དགུ་དགུ་བརྒྱ་ཡོད་ལ། ལོ་རེར་ངལ་ནུས་གླ་ཆ་སྒོར་ཐེར་འབུམ་གཅིག་ལྷག་སྟེར་གྱིན་ཡོད་པར་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཁྱིམ་ཚང་རེ་ལ་ལས་གནས་རེ་བཀོད་སྒྲིག་བྱས་པ་དེས། ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ལ་སླེབས་ཏེ། མང་ཚོགས་ཀྱི་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་ལ་སྣེ་ཁྲིད་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་བྱེད་ནུས་མི་དམན་པ་བཏོན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།