ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། གྲོས་ཚོགས་ལས་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཉིས་སྟོང་ཉེར་གཅིག་ལོའི་བྱ་བར་སྤྱི་སྡོམ་དང་། ཉིས་སྟོང་ཉེར་གཉིས་ལོའི་བྱ་བ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞབས་ཞུ་འགན་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བའི་གཙོ་ཐིག་ལ་དམ་དུ་དམིགས་ནས། ཁྱབ་ཁོངས་གལ་ཆེན་དང་གནད་འགག་གོ་རིམ་གི་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་དུ་བཏང་བ་དང་། ལས་ཁུངས་སྒྲིག་ལུགས་ཐོན་ཁུངས་སྡེབ་སྒྲིག་བྱེད་པ་ཇེ་ལེགས་སུ་བཏང་སྟེ། བྱ་བ་ཁག་སོ་སོར་སྐུལ་འདེད་བཏང་ནས་གྲུབ་འབྲས་མངོན་གསལ་བླངས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་བྱ་བ་ལེགས་པོར་སྒྲུབ་ན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ལས་འགན་གལ་ཆེན་ནན་ཏན་སྒོས་དངོས་འབེབས་དང་། གཏན་འཇགས་ཁྲོད་འཕེལ་རྒྱས་འགྲོ་བ་བྱས་ཏེ་ལས་ཁུངས་སྒྲིག་ལུགས་བྱ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དམ་འཛིན་འབུར་ཐོན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དངོས་འབེབས་བཟང་པོ་བྱེད་དགོས། ལས་ཁུངས་འགན་ནུས་མ་ལག་ལེགས་བསྒྱུར་འབུར་ཐོན་བྱས་ཏེ། ལས་ཁུངས་བཅོས་བསྒྱུར་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་གཏིང་ཟབ་དུ་གཏོང་བ་དང་། ཏང་སྲིད་ལས་ཁུངས་ཀྱི་འགན་ནུས་གཅིག་གྱུར་ཇེ་དྲག་ཏུ་གཏོང་བ་མ་ཟད། རིགས་དང་གོ་རིམ་བགར་ནས་ལས་དོན་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཇེ་ཟབ་དུ་གཏོང་དགོས། ཁྱབ་ཁོངས་གལ་ཆེན་གྱི་བཅོས་བསྒྱུར་འབུར་ཐོན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་བསྐྲུན་བྱ་བ་ལས་ཁུངས་སྒྲིག་ལུགས་དང་འབྲེལ་བའི་ཁག་ལེགས་པོར་སྒྲུབ་པ་དང་། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་དང་སློབ་གསོའི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ བྱེད་དགོས། ཁྲིམས་སྐྱོང་འཛུགས་བསྐྲུན་འབུར་ཐོན་ཤུགས་དྲག་ཏུ་བཏང་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་སྒྲིག་ལུགས་བྱ་བའི་སྲོལ་ཡིག་དངོས་འབེབས་བྱས་ནས། ལས་ཁུངས་སྒྲིག་ལུགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གནད་དོན་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་གསར་གཏོད་བྱ་བ་དམ་དུ་བཟུང་སྟེ། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་གྱི་ཁྱད་ཆོས་གནས་ཚུལ་དང་མཐུན་པའི་བཅོས་བསྒྱུར་དོ་དམ་གྱི་ཚོད་ལྟ་ཁུལ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། རང་སྟེང་འཛུགས་བསྐྲུན་དོན་དངོས་སུ་ཇེ་དྲག་དང། བྱ་བའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།