མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཡོམ་འགོག་གནོད་སེལ་འཆར་འགོད་འགྲེམ་སྤེལ་བྱས།
2022.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཡོམ་འགོག་གནོད་སེལ་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་པའི་གནས་ཚུལ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཞིང་ཆེན་སྲིད་གཞུང་གིས་ཞིབ་བཤེར་བྱས་ཏེ་འཐད་པ་བྱུང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཡོམ་འགོག་གནོད་སེལ་འཆར་འགོད་འགྲེམ་སྤེལ་བྱས། འཆར་འགོད་འགྲེམ་སྤེལ་དང་ལག་བསྟར་བྱེད་པ་ནི་རང་ཞིང་གི་ཡོམ་འགོག་གནོད་སེལ་ལས་དོན་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། དེ་ཡོམ་འགོག་གནོད་སེལ་གྱི་གཞི་རིམ་རྨང་གཞིའི་ནུས་པ་སྔར་ལས་ཇེ་ཆེར་འགྲོ་བ་དང་དུས་རབས་གསར་པའི་ཡོམ་འགོག་གནོད་སེལ་ལས་དོན་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་བ། ཡོམ་འགོག་གནོད་སེལ་ལས་དོན་བཅོས་སྒྱུར་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

ཡོམ་འགོག་གནོད་སེལ་ནི་རྒྱལ་ཁབ་སྤྱི་ཐུན་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འབྲེལ་བ་ཡོད་ལ། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་འབྲེལ་བ་ཡོད། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡོམ་འགོག་གནོད་སེལ་བྱ་བའི་ཐད་ལ་མཆན་བཀོད་མཛུབ་སྟོན་དང་མཛུབ་སྟོན་ཐེངས་བརྒྱད་ཅུ་ལྷག་གནང་ནས། ཡོམ་འགོག་གནོད་སེལ་ལས་དོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་བཏང་།

བཀྲ་ཤིས་འབུམ་གྱིས་བསྒྱུར།