རང་ཞིང་གི་ཞིང་སྡེ་གནས་སྐོར་སྣེ་ལེན་བྱེད་ས་སོ་གསུམ་མཚོ་སྔོན་ཞིང་ཆེན་གྱི་སྐར་ལྔ་རིམ་པ་དང་སྐར་བཞི་རིམ་པའི་ཞིང་སྡེ་གནས་སྐོར་སྣེ་ལེན་བྱེད་ས་རུ་བདམས།
2022.02.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས2021ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐར་ལྔ་རིམ་པ་དང་སྐར་བཞི་རིམ་པའི་ཞིང་སྡེ་གནས་སྐོར་སྣེ་ལེན་བྱེད་སའི་མིང་ཐོ་སྤྱི་བསྒྲགས་བྱེད་པའི་སྐོར་གྱི་བརྡ་སྦྱོར་དཔར་ནས་བཀྲམས་པ་དང་། མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཆི་ལིས་མེ་ཏོག་ལྡུམ་ར་སོགས་སྡེ་ཁག་གཉིས་མཚོ་སྔོན་ཞིང་ཆེན་གྱི་སྐར་ལྔ་རིམ་པའི་ཞིང་སྡེ་གནས་སྐོར་སྣེ་ལེན་བྱེད་སར་བདམས་པ་དང་། ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཡོ་ཙི་ཀི་ལྗོངས་རྒྱུ་ཁུལ་ཁང་ལི་རི་གྲོང་སོགས་སྡེ་ཁག་སོ་གཅིག་མཚོ་སྔོན་ཞིང་ཆེན་གྱི་སྐར་བཞི་རིམ་པའི་ཞིང་སྡེ་གནས་སྐོར་སྣེ་ལེན་བྱེད་ས་རུ་བདམས།

དེར་བརྟེན། ཞིང་ཆེན་ཡོངས་ཀྱི་སྐར་ལྔ་རིམ་པའི་ཞིང་སྡེ་གནས་སྐོར་སྣེ་ལེན་བྱེད་ས་བཅུ་གཉིས་ལ་སླེབས་པ་དང་། སྐར་བཞི་རིམ་པའི་ཞིང་སྡེ་གནས་སྐོར་སྣེ་ལེན་བྱེད་ས་བཞི་བརྒྱ་དང་སོ་ལྔ་རུ་སླེབས། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་སྐར་མ་རིམ་པའི་ཞིང་སྡེ་གནས་སྐོར་སྣེ་ལེན་བྱེད་སས་གནས་སྐོར་རྨང་གཞི་སྒྲིག་ཆས་རྩོལ་ནུས་འཐུས་ཚང་དུ་གཏོང་བ་དང་གནས་སྐོར་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཞིང་སྡེའི་གནས་སྐོར་སྣེ་ལེན་བྱེད་ས་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཁ་ཕྱོགས་སུ་གོང་འཕེལ་གཏོང་བར་སྣེ་ཁྲིད་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་གནས་སྐོར་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།