ཟླ་གསུམ་པའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སླེབས་ལ་ཉེ་སྐབས། སྔོན་ཐོན་ལ་གཟེངས་བསྟོད་དང་། མིག་དཔེ་བསྐྲུན་པ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་དང་སྐུལ་སློང་བྱེད་ཆེད་དང་། འབད་པ་ལྷོད་མེད་ཀྱིས་དུས་རབས་གསར་བར་བྱས་རྗེས་འཇོག་པར་སྐུལ་སློང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལིས་ཅིན་སོགས་བློ་མཐུན་ལྔ་མཚོ་སྔོན་ཞིང་ཆེན་གསུམ་བརྒྱད་དར་དམར་དཔེ་ལེགས་ཅན་དང་། ཝང་ཧོས་སོགས་བློ་མཐུན་སུམ་ཅུ་མཚོ་སྔོན་ཞིང་ཆེན་གསུམ་བརྒྱད་དར་དམར་བསྒྲེངས་མཁན། ཟི་ལིང་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཕྱོགས་བསྡུས་ལས་གཉེར་ཚོམས་ཁང་སོགས་ལས་ཁུངས་བཅོ་ལྔ་ལ་མཚོ་སྔོན་ཞིང་ཆེན་གསུམ་བརྒྱད་དར་དམར་ཐུན་མོང་ཚོགས་པའི་གཟི་བརྗིད་མཚན་སྙན་གནང་།
གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་ཚོགས་པ་སོ་སོ་ནི་རང་རང་གི་འཐབ་ཡུལ་དུ་ཕུལ་དུ་བྱུང་བའི་མི་སྣ་ཡིན་ལ། ཁོ་མོ་ཚོའི་ལུས་སྟེང་དུ་མངོན་པ་ནི། འགྱུར་མེད་ཡིད་ཆེས་དང་། འབད་འཐབ་ཀྱིས་བྱས་རྗེས་འཇོག་པ། གཞུང་དྲང་སྤྱོད་གཙང་གི་སྤུས་ཀ་མཐོན་པོ་དང་བླ་མེད་སྙིང་སྟོབས་ཡིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་ཚོགས་པས་མཚན་སྙན་གཙིག་འཛིན་དང་། གྲུབ་འབྲས་དར་སྤེལ། ཏང་གི་རྗེས་སུ་འབྲང་པའི་རྩ་དོན་ཡིད་ལ་དམ་པོར་བཟུང་ནས། ནམ་ཡང་འབད་པ་ལྷོད་མེད་བྱས་ཏེ་སྔར་ལས་ལྷག་པའི་གཟི་བརྗིད་བརྩོན་ལེན་བྱེད་པའི་རེ་བ་ཡོད་པའི་ཚུལ་བསྟན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་མང་ཚོགས་རྣམས་ཀྱི་ཁོ་མོ་ཚོ་མིག་དཔེར་བཟུང་སྟེ། ཧུར་ཐག་དང་རང་འགུལ། གསར་གཏོད་བཅས་ལ་ནུས་པ་བཏོན་ནས། དོན་དངོས་འགུལ་བསྐྱོད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།