ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཆར་འགོད་འགྲེམ་སྤེལ་བྱས།
2022.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉེ་ལམ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཆར་འགོད་འགྲེམ་སྤེལ་བྱས། འཆར་འགོད་ལས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་གཅིག་སྡུད་བྱས་ཏེ། འཐུས་ཚང་ཡིན་པའི་སྤྱི་ཐུན་འཕྲོད་བསྟེན་མ་ལག་གསར་སྐྲུན་བྱེད་པ་དང་། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་བོད་ལུགས་སྨན་རྫས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མི་ཚོགས་གཙོ་བོའི་བདེ་ཐང་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ། སྨན་བཅོས་ཞབས་ཞུའི་འདེགས་ཤུགས་མ་ལག་འཛུགས་སྐྲུན་ནུས་པ་ཇེ་ཆེར་འགྲོ་བ་བཅས་ལ་འཆར་འགོད་བྱེད་པ་དང་། སྔར་ལས་འཐུས་ཚང་ཡིན་པའི་ལེགས་སྒྲིག་རང་བཞིན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་དགོས།

འཆར་འགོད་ལས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་བར་དང་ཉིས་སྟོང་སོ་ལྔ་ལོའི་བར་གྱི་འཕེལ་རྒྱས་དམིགས་འབེན་ནི། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་འཕེལ་རྒྱས་དམིགས་འབེན་ལ་དམིགས་ཏེ། འཆར་འགོད་ཀྱི་དམིགས་ཚད་གཙོ་བོ་གཏན་འཁེལ་གསལ་བོ་བྱས་ཡོད་ལ། དེའི་ནང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་སྨན་བཅོས་མྱུར་སྐྱོབ། འཕྲོད་བསྟེན་ཐོན་ཁུངས་སྒྲིག་སྦྱོར། ཀྲུང་བོད་ལུགས་སྨན་བཅོས་ཞབས་ཞུ། མི་ཚོགས་གཙོ་བོའི་བདེ་ཐང་བཅས་ཕྱོགས་ལྔའི་བྱེ་བྲག་གི་དམིགས་ཚད་བཅོ་བརྒྱད་འདུས་ཡོད་པ་དང་། ཕྱོགས་ཡོངས་དང་མི་ཚེ་གང་བོར་མི་དམངས་ཀྱི་བདེ་ཐང་དགོས་མཁོ་འགན་སྲུང་བྱེད་དགོས་པ་དེ་ཡིན། 

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།