ད་ལོའི་ཁུ་ནུ་འཆད་སྟེགས་ཆེན་པོ་སྐབས་གཉིས་པ་སྤེལ་འགོ་བརྩམས།
2022.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱ་སློབ་གླིང་གཉིས་ཀྱིས་འགན་ཁུར་ནས་བསྒྲུབས་པའི2022ལོའི་ཁུ་ནུ་འཆད་སྟེགས་ཆེན་པོ་སྐབས་གཉིས་པ་སྤེལ་འགོ་བརྩམས་པ་དང་། ཀྲུང་གོ་ཞིང་ལས་ཉེན་ཁ་དོ་དམ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་ཆིན་ཧྭ་སློབ་ཆེན་ཀྲུང་གོའི་ཞིང་ལས་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ཧོང་ཡུས་ཀྱིས་བརྙན་རིས་ཐད་གཏོང་གི་རྣམ་པ་བརྒྱུད་དེ་ཆེད་དོན་འཆད་ཁྲིད་སྤེལ་ནས། ཀྲུང་དབྱང་ཡིག་ཆ་ཨང་དང་པོར་འགྲེལ་ཀློག་ཟུར་ཁྲིད་གཏིང་ཟབ་བྱས།

འཆད་ཁྲིད་བྱེད་སྐབས། ཀྲུང་ཧོང་ཡུས་ཀྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་ཁྱོན་ཡོངས་དང་ཆ་ཚང་བའི་སྒོ་ནས་འགྲེལ་ཀློག་དང་དབྱེ་ཞིབ་བྱས་པ་དང་། ཡིག་ཆའི་ནང་བཏོན་པའི་བྱེད་ཐབས་ལ་དབྱེ་ཕྲལ་བཟང་བོ་བྱས་ལ། གནས་ངོས་ཟུང་འབྲེལ་སྒོས་ས་ཆ་སོ་སོས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལག་བསྟར་བྱས་པའི་གཙོ་གནད་ལ་དབྱེ་ཞིབ་ནན་མོ་བྱས་ཏེ། རང་ཞིང་གི་ཞིང་གསུམ་ཁྱབ་ཁོངས་ཀྱི་ལས་བྱེད་པས་གྲོང་གསེབ་དར་སྤེལ་གྱི་རྩོམ་ཡིག་འབྲི་བའི་ཐད་ཕན་ཡོད་ཀྱི་རྟོགས་སད་འདོན་སྤྲོད་བྱས། འཆད་ཁྲིད་ཀྱི་བརྗོད་སྙིང་མངོན་གསལ་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་ལ། དབྱེ་ཞིབ་གསལ་བོ་བྱས་པ་དང་། འཆད་ཁྲིད་ལ་ཉན་པའི་རང་ཞིང་གི་ལས་བྱེད་པས་བསྔགས་བརྗོད་ཐོབ། ཚང་མས་བསྟན་དོན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། ཁྱོན་ཡོངས་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་སོགས་ཞིང་གསུམ་ཁྱབ་ཁོངས་ཐད་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པས། རང་རྟོགས་སྒོས་ཡིག་ཆ་སློབ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་། ལོ་གསར་བའི་ནང་གི་ཞིང་གསུམ་བྱ་བའི་བཀོད་སྒྲིག་གཙོ་གནད་ལ་རྒྱུས་ལོན་བྱེད་པ། རང་སྟེང་གི་རྒྱུས་ལོན་ནུས་པ་དང་ལག་བསྟར་ནུས་པ་ཇེ་དྲག་ཏུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་རང་ཞིང་གི་ལོ་གསར་བའི་ནང་གི་ཞིང་གསུམ་བྱ་བ་གཏན་འཇགས་ཁྲོད་གོང་འཕེལ་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།