ཤེས་ཡོན་གྲོང་རྡལ་ཐེམ་འཕོངས་སྡེ་བའི་སྡེ་སྡོད་ལས་བྱེད་རུ་ཁག་གིས2022ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བརྡ་སྦྱོར་རེ་བ་ལྟར། སྒྲོག་འགྲེལ་གྱི་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། སྒྲོག་འགྲེལ་བྱེད་ཐབས་གསར་གཏོད་བྱས་ནས། གཅིག་ཅན་བཞི་དང་ཁག་ཐེག་བཞི་བྱ་བར་སྐུལ་འདེད་གཏོང་བའི་ཕན་ཡོད་བྱེད་ཐབས་སུ་བྱས་ནས། སྒྲོག་འགྲེལ་བྱ་འགུལ་ཐད་ནས་གྲུབ་འབྲས་བཟང་བོ་བླངས།
གཅིག་ནས་སྒྲོག་འགྲེལ་འགོ་ཁྲིད་ཚན་ཆུང་གཅིག་བཙུགས་ཏེ། འགན་འཁྲི་ལག་བསྟར་བྱེད་པར་ཁག་ཐེག་བྱས་པ་དང་། གཉིས་ནས་སྒྲོག་འགྲེལ་རུ་ཁག་གཅིག་བཙུགས་ནས། མང་ཚོགས་ཀྱིས་ཤེས་རྟོགས་གསལ་བོ་བྱེད་ཐུབ་པར་ཁག་ཐེག་བྱས་ལ། གསུམ་ནས་ཆེད་ལས་ཀྱི་དགེ་རྒན་གཅིག་གདན་ཞུ་བྱས་ཏེ། མང་ཚོགས་ཀྱིས་གོ་བ་གསལ་མོ་ལེན་ཐུབ་པར་ཁག་ཐེག་བྱས། བཞི་ནས་རིག་གནས་བྱ་འགུལ་ཐེངས་གཅིག་སྤེལ་ནས། མང་ཚོགས་དེའི་ཁྲོད་ཞུགས་པར་ཁག་ཐེག་བྱས།
ཤེས་ཡོན་གྲོང་རྡལ་ཐེམ་འཕོངས་སྡེ་བའི་སྡེ་སྡོད་བྱ་བའི་རུ་ཁག་དང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། འབྲོག་ཁྱིམ་ཡོངས་བཅས་ཀྱིས། རྗེས་ཕྱོགས་སུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་གྱིས་མཛུབ་ཁྲིད་འོག རང་སྡེ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། ཕན་པ་མཐོ་བའི་གསོ་སྤེལ་ཐོན་ལས་དང་གཟན་རྩྭ་འདེབས་གསོ་གཉིས་བར་ཕན་ཚུན་རོགས་འདེགས་བྱེད་པ། བོད་ལུག་སྐྱེ་ཁམས་གསོ་སྤེལ་ཐོན་ལས་གསར་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་སྔོན་དུ་བསྐྱོད་པ་དང་། ས་ཁུལ་མུ་འབྲེལ་སྒོས་འཛུགས་སྐྲུན་བྱེད་པ། དཔེ་སྟོན་གྱིས་སྣེ་ཁྲིད་བྱེད་པ། སྤྱི་ཁོག་ནས་སྤེལ་བ་བཅས་མངོན་འགྱུར་བྱས་ཏེ། མཉམ་དུ་ཐེམ་འཕོངས་སྡེ་བའི་སྔར་ལས་མཛེས་སྡུག་གི་མ་འོངས་བསྐྲུན་རྒྱུུ་ཡིན་པའི་ཚུལ་བསྟན།