ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རང་ཞིང་གི་རྫོང་བཅོ་ལྔ་ལ་ཚན་རྩལ་ཆེད་མངག་ཚོགས་པ་གདམ་མངག་བྱེད་རྒྱུ་རེད།
2022.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ད་ལོ་ནས་བཟུང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་བརྒྱ་དང་དྲུག་ཅུ་ལ་ཚན་རྩལ་ཆེད་མངག་ཚོགས་པ་གདམ་མངག་བྱས་ནས། ཚན་རྩལ་ཤེས་ལྡན་མི་སྣས་ཞིང་གསུམ་ཐད་ཞབས་འདེགས་ཞུ་བའི་བྱ་བ་སྤེལ་རྒྱུ་རེད། རང་ཞིང་གི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་བཅོ་ལྔ་གདམ་མངག་ཁྱབ་ཁོངས་ཁྲོད་ཚུད་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཚན་རྩལ་ཆེད་མངག་ཚོགས་པས་ཐོན་ལས་ལག་རྩལ་མཛུབ་ཁྲིད་ཞབས་ཞུ་དང་ལག་རྩལ་ཐད་ཀྱི་དཀའ་གནད་གཅིག་བསྡུས་ཀྱིས་འགག་གཏོར་བྱེད་པ། རང་ས་གནས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་ལ་རོགས་ཁྲིད་བྱེད་པ་སོགས་ཕྱོགས་ལྔའི་བྱ་བ་སྤེལ་རྒྱུ་ཡིན་པ་དང་། རང་ཞིང་གིས་ཚན་རྩལ་ཆེད་མངག་ཚོགས་པར་འབྲེལ་འདྲིས་སྦྲེལ་མཐུད་བྱེད་པ་དང་བྱ་བའི་འཆར་གཞི་ལ་ཞིབ་འཇུག་དང་གཏན་འབེབས་བྱེད་པ། ཉིན་རྒྱུན་གྱི་འབྲེལ་འདྲིས་དང་ཞབས་ཞུ་འགན་སྲུང་སོགས་བྱ་བ་གཙོ་བོར་ཤུགས་བསྣན་ནས། འགོ་རྩོམ་དུས་རིམ་གྱི་བྱ་བ་ནན་ཏན་སྒོས་སྤེལ་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་རྒྱུ་ཡིན་ལ། རང་ཞིང་གི་རྫོང་རིམ་པའི་རྩ་འཛུགས་སྡེ་ཁག་གིས་བཀོད་འདོམས་པུའུ་ཡི་ནུས་པ་འདོན་སྤེལ་བྱེད་པ་དང་། བརྗེ་རེས་སྦྲེལ་མཐུད་དང་ཉིན་རྒྱུན་གྱི་འབྲེལ་འདྲིས། ཞབས་ཞུ་འགན་སྲུང་སོགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད། ཞིང་ཆེན་དང་ཁུལ་གྱི་རྩ་འཛུགས་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་སྲིད་ཇུས་ཆ་སྡེབས་བྱེད་པར་ཤུགས་སྣོན་དགོས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་དུ་རྩ་འཛུགས་སྡེ་ཁག་གིས་འགོ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རང་འགན་ཁུར་བ། སྡུད་རུབ་མི་སྣ་དང་འབྲེལ་འདྲིས་མི་སྣས་ཉིན་རྒྱུན་གྱི་དོ་དམ་ཞབས་ཞུའི་འགན་ཁུར་བའི་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་། ཐོན་ཁུངས་སྟོབས་ཤུགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། ཚན་རྩལ་ཆེད་མངག་ཚོགས་པས་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ་དང་གྲོང་གསེབ་དར་སྤེལ་ཐད་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།