མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཅེས་པ་ཁྱབ་བསྒྲགས་ལག་བསྟར་བྱས།
2022.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཉེ་ལམ།  གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན།   མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཅེས་པ་ཁྱབ་བསྒྲགས་ལག་བསྟར་བྱས།

འཆར་འགོད་ནང་དུ་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དེ་འཆར་འགོད་སྒྲིག་འཛུགས་དང་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་རུ་ཁྱབ་པར་བྱེད་པ་དང་།   གཏན་འཁེལ་གཉིས་རྒྱུན་འཁྱོངས་དང་སྲུང་སྐྱོབ་བྱེད་པ།   འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ།    སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་དགོས།   མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་ཕོ་མོ་འདྲ་མཉམ་སོགས་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་གཙོར་བྱེད་པའི་རྩ་དོན་ལག་བསྟར་དོན་འཁྱོལ་བྱེད་པ།   རྒྱ་ཆེའི་བུད་མེད་དང་བྱིས་པའི་བསམ་བློ་ཆབ་སྲིད་དང་བསམ་བློ་ཀུན་སྤྱོད་སློབ་གསོར་སྔར་ལས་མཐོང་ཆེན་བྱེད་པ།   བུད་མེད་དང་བྱིས་པས་གཙོ་གཞིའི་བྱེད་ནུས་འདོན་སྤེལ་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ་དང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་སྔར་ལས་མཐོང་ཆེན་བྱེད་པ།    བུད་མེད་དང་བྱིས་པའི་འཕེལ་རྒྱས་ཀྱི་མི་འདང་ས་དང་དམངས་ཀྱི་རེ་བ་སྔར་ལས་གཅིག་བསྡུས་བྱས་ཏེ་མཁར་གྲོང་གི་བུད་མེད་དང་བྱིས་པའི་མཐུན་སྦྱོར་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས།

འཆར་འགོད་ནང་དུ་སྐོར་དང་པོའི་གཞི་རྩའི་སྒྲོམ་གཞི་དང་སྒྲིག་ལུགས་ཀྱི་རྒྱུན་མཐུད་ཡོད་པ་དང་།   རྒྱལ་ཁབ་ཀྱི་རྩ་གནད་གསར་པ་དང་གཅིག་གྱུར་བྱས་ཡོད་པར་མ་ཟད།   གཅིག་གྱུར་འཆར་འགོད་དང་། རྒྱུན་འཛིན་དང་གསར་སྐྲུན་ཟུང་འབྲེལ་བྱེད་པ།   དངོས་ཡོད་རང་བཞིན་དང་རྒྱང་རིང་རང་བཞིན་ཟུང་འབྲེལ་བྱེད་པ།    གཅུན་སྡོམ་རང་བཞིན་དང་ཁྲིད་སྟོན་རང་བཞིན་ཟུང་འབྲེལ་བྱེད་པའི་རྩ་དོན་ལྟར།        མ་འོངས་པའི་ལོ་བཅུའི་རིང་གི་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བཀོད་སྒྲིག་བྱས་ཡོད།     བུད་མེད་དང་ཁྱིམ་ཚང་འཛུགས་སྐྲུན་དང་། བྱིས་པ་དང་ཁྱིམ་ཚང་།   བྱིས་པ་དང་བདེ་འཇགས་ཞེས་པའི་ཁྱབ་ཁོངས་གསར་པ་གསར་དུ་བསྣན་ཡོད།  བུད་མེད་ཀྱི་འཆར་འགོད་ནང་བུད་མེད་དང་བདེ་ཐང་དང་སློབ་གསོ།  དཔལ་འབྱོར།  དེ་མིན་སྲིད་ཇུས་དང་དོ་དམ།   སྤྱི་ཚོགས་འགན་སྲུང་།   ཁྱིམ་ཚང་གི་འཛུགས་སྐྲུན།   ཁོར་ཡུག   བཅའ་ཁྲིམས་ནང་ཞུགས་པ་སོགས་ཁྱབ་ཁོངས་བརྒྱད་ནས་བུད་མེད་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དོན་ལྔ་དང་སྲིད་ཇུས་བྱེད་ཐབས་གོ་གཅིག་བཀོད་སྒྲིག་བྱས་ཡོད།     བྱིས་པའི་འཆར་འགོད་ནང་བྱིས་པ་དང་བདེ་ཐང་དང་བདེ་འཇགས།   སློབ་གསོ། ཕན་བདེ།   ཁྱིམ་ཚང་།  ཁོར་ཡུག   བཅའ་ཁྲིམས་སོགས་ཁྱབ་ཁོངས་བདུན་ནས་བྱིས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བདུན་ཅུ་དང་སྲིད་ཇུས་བྱེད་ཐབས་གྱ་དགུ་བཀོད་སྒྲིག་བྱས་ཡོད།

འཆར་འགོད་དེ་ནི་བུད་མེད་དང་བྱིས་པའི་ལས་དོན་རྒྱུན་མཐུད་ངང་བདེ་ཐང་འཕེལ་རྒྱས་ཡོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན་པ་དང་།  དེ་ནི་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐད་ཀྱི་དཀའ་གནད་དང་གནད་དོན་གལ་ཆེན་ནུས་ཡོད་སྒོས་ཐག་གཅོད་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད།    བུད་མེད་དང་བྱིས་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་བྱིས་པ་གཙོར་བཟུང་ནས་འཕེལ་རྒྱས་གཏོང་བར་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།   ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན།    འཆར་འགོད་ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་འགོ་རྩོམ་ས་གསར་པའི་སྟེང་བུད་མེད་དང་བྱིས་པའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་དང་བསྲུང་བྱ་འདོན་སྤྲོད་བྱེད་ངེས།

                                                                          ལྷ་མོ་ཚེ་རིང་གིས་བསྒྱུར།