དངོས་བཤུས་གློག་བརྙན།༼ ང་ནི་གཙང་བོའི་མགོ་ཁུངས་སུ་གཞིས་ཆགས་ཡོད། ༽​
2022.03.25 ཁུངས། ཀློག་གྲངས། 105

 རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་། ཀྲེ་ཅང་ཧྥུའུ་ཧྲན་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་འགྲེམ་སྤེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལེའུ་ལྔ་ཡོད་པའི་དངོས་བཤུས་གློག་བརྙན《ང་ནི་གཙང་བོའི་མགོ་ཁུངས་སུ་གཞིས་ཆགས་ཡོད》ཞེས་པ་ཟླ3ཚེས25ཉིན་ནས་བཟུང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་དང་། རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ། ཚན་རིག་སློབ་གསོའི་འཕྲིན་ལམ། དངོས་བཤུས་འཕྲིན་ལམ། CGTNདབྱིན་ཡིག་དང་སི་ཕན་གྱི་སྐད །ཧྥ་རན་སེའི་སྐད། ཨ་ལ་པོའི་སྐད། ཨུ་རུ་སུའི་སྐད་སོགས་ཀྱི་འཕྲིན་ལམ་ནས་བསྟུད་མར་གཏང་རྒྱུ་རེད།   །  

        གནའ་བོའི་འཁྱག་རོམ་དང་། རྒྱུན་མི་ཆད་པའི་ཆུ་བོ་ཡིས་ཀྲུང་ཧྭ་ས་གཞི་ཆེན་པོའི་ཚེ་སྲོག་བསྐྱངས་སྟབས། གཙང་པོའི་མགོ་ཁུངས་ནི་ཚེ་སྲོག་གི་དག་ཞིང་དུ་གྱུར་ཅིང་། ཚེ་སྲོག་རྣམས་ཕན་ཚུན་སྲུང་སྐྱོང་དང་སྐྱིད་པའི་མཉམ་བྲོ་འཁྲབ་སྟེ། བསྐལ་པ་སྟོང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་བརྩམས་སོ། །

 《ང་ནི་གཙང་བོའི་མགོ་ཁུངས་སུ་གཞིས་ཆགས་ཡོད》ཅེས་པའི་ལེའུ་ལྔ་ཅན་གྱི་དངོས་བཤུས་གློག་བརྙན་ཆེན་པོ་འདིས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་བདེན་པ་འཚོལ་ཞིབ་གནང་ཡོད།

《ང་ནི་གཙང་བོའི་མགོ་ཁུངས་སུ་གཞིས་ཆགས་ཡོད》ཞེས་པའི་ལེ་ཚན་གཏོང་བའི་དུས་ཚོད། 


 ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ་ནས་ཟླ3ཚེས25ཉིན་ནས་ཚེས29ཉིན་བར་གྱི་ཆུ་ཚོད22:30སྟེང་གཏང་རྒྱུ་དང་། 

 རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ(ཨེ་ཤ་ཡའི་པར་གཞི)ནས་ཟླ3ཚེས26ཉིན་ནས་ཚེས30ཉིན་བར་གྱི་ཆུ་ཚོད13:00སྟེང་གཏང་རྒྱུ་ཡིན་པ་དང་། 

ཡོ་རོབ་དང་ཨ་མེ་རི་ཁའི་བྱང་མའི་པར་གཞི་ལས་ས་གནས་དེའི་རྫོགས་ལྡན་དུས་ཚོད་སྐབས་སུ་གཏང་རྒྱུ་རེད། 

དངོས་བཤུས་འཕྲིན་ལམ་ནས་ཟླ3ཚེས28ཉིན་ནས་ཟླ4ཚེས1ཉིན་བར་གྱི་ཆུ་ཚོད་22:10སྟེང་གཏང་རྒྱུ་དང་། 

ཚན་རིག་སློབ་གསོའི་འཕྲིན་ལམ་དུ་ཟླ3ཚེས28ཉིན་ནས་ཟླ4ཚེས1ཉིན་བར་གྱི་ཆུ་ཚོད9:15སྟེང་གཏང་རྒྱུ་རེད། 

ཕྱི་སྐད་འཕྲིན་ལམ་སོ་སོས་ཀྱང་བསྟུད་མར་གཏང་རྒྱུ་རེད།