གསར་འགོད་པས་ཉེ་ལམ་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རང་ཞིང་ལ་ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་སྡེ་ཁག་སུམ་བརྒྱ་དང་བཅུ་དགུ་དང་། ཞིང་ཆེན་རིམ་པའི་ཆུ་གྲོན་ཆུང་སྡོད་དམངས་སྡེ་ཁུལ་སུམ་བརྒྱ་དང་བཞི་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཆུ་དང་མཚེའུ་ཡི་ཆུའི་རྩོལ་ནུས་ཁུལ་གྱི་ཆུའི་སྤུས་ཚད་ཚད་གཞིར་ལོངས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པ་དང་། ཆུ་དཔོན་དང་མཚོ་དཔོན་དོ་སྲུང་པ་ཁྲི་གཉིས་དང་སྟོང་གཉིས་བདུན་བརྒྱས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད།
ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་འགོ་ཁུངས་འདུ་ཤེས་བརྟན་པོ་བཙུགས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། ཆུའི་ཐོན་ཁུངས་ཚོད་འཛིན་ལ་ཤུགས་བསྣན་ནས། ཆུ་དང་མཚེའུ་ལ་སྲུང་སྐྱོབ་བཅོས་སྐྱོང་ནན་མོ་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས།
ཆུ་བཀོལ་ཆོག་པར་ཆོག་མཆན་འགོད་པར་དོ་དམ་ནན་མོ་བྱས་པ་དང་། ཆུ་བཀོལ་དོ་དམ་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ལ། ཆུ་བཀོལ་བསྡོམས་རྩིས་བརྟག་བཤེར་ལག་བསྟར་ལ་ཤུགས་བསྣན་པས། བསྟུད་མར་ལོ་དགུའི་རིང་ལ་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཀྱི་ལོ་གསུམ་དམར་མཚམས་ཀྱི་ལོ་ཧྲིལ་བོའི་དམིགས་འབེན་ཡོངས་འགྲུབ་བྱས་པ་དང་། རྒྱལ་ཁབ་ཀྱི་བཏུང་ཆུའི་ཆུ་ཁུངས་ས་ཆ་བདུན་གྱི་བདེ་འཇགས་འགན་སྲུང་འཛུགས་སྐྲུན་དང་དཔྱད་འཇོག་ཐད་ནས་ཚད་གཞིར་སླེབས་པ་དང་། དེའི་ཁྲོད་ཀྱི་ས་ཆ་དྲུག་ཕུལ་བྱུང་ལ་བདམས་ཤིང་། རྫོང་རིམ་པ་དང་དེའི་ཡན་གྱི་གཅིག་བསྡུས་རང་བཞིན་གྱི་བཏུང་ཆུའི་ཆུ་ཁུངས་ས་ཆ་ང་བདུན་གྱི་ཆུའི་སྤུས་ཚད་རིགས་གསུམ་པར་སླེབས། ཚྭ་འདམ་གཞོང་དང་མཚོ་སྔོན་པོའི་བཞུར་རྒྱུད། ཙོང་ཆུའི་བཞུར་རྒྱུད་དུ་ས་འོག་ཆུའི་ལྟ་ཞིབ་ཚད་ལེན་མ་ལག་བཟོ་སྐྲུན་ལག་བསྟར་བྱས་པ་དང་། ས་འོག་ཆུའི་ལྟ་ཞིབ་ཚད་ལེན་ས་ཚུགས་བཞི་བརྒྱ་དང་དྲུག་བཙུགས།
མིག་སྔར་རང་ཞིང་གི་རྫོང་དང་ཆུའུ་བཅོ་ལྔ་ལ་ཆུ་བེད་པུའུ་ཡིས་ཆུ་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཚད་ལོངས་རྫོང་གི་མིང་བཏགས་པ་དང་། སྤྱི་ཐུན་ལས་ཁུངས་གསུམ་ལ་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གསུམ་གྱིས་སྤྱི་ཐུན་ལས་ཁུངས་ཀྱི་ཆུའི་ཕན་འབྲས་ཀྱི་སྣེ་ཁྲིད་པའི་མིང་བཏགས་ལ། ཆུའི་གྲོན་ཆུང་རང་བཞིན་གྱི་མཐོ་རིམ་སློབ་གླིང་གསུམ་དང་ཆུ་བེད་ལས་རིགས་ཀྱི་ཆུ་གྲོན་ཆུང་རང་བཞིན་གྱི་ལས་ཁུངས་ང་གཅིག ཞིང་ཆེན་རིམ་པའི་ཆུའི་གྲོན་ཆུང་རང་བཞིན་གྱི་ལས་ཁུངས་སུམ་བརྒྱ་དང་བཅུ་དགུ ཞིང་ཆེན་རིམ་པའི་ཆུའི་གྲོན་ཆུང་རང་བཞིན་གྱི་སྡོད་དམངས་སྡེ་ཁུལ་སུམ་བརྒྱ་དང་བཞི་བཅས་བཙུགས་པ་དང་། རྒྱལ་ཁབ་རིམ་པའི་ཆུ་བཀོལ་ལྟ་རྟོག་ལས་ཁུངས་བཅུ་དགུ་དང་ཞིང་ཆེན་རིམ་པའི་ཆུ་བཀོལ་ལྟ་རྟོག་ལས་ཁུངས་སོ་གསུམ། གྲོང་ཁྱེར་དང་ཁུལ་རིམ་པའི་ཆུ་བཀོལ་ལྟ་རྟོག་ལས་ཁུངས་གྱ་གཅིག་ལ་དཀར་ཆག་བཙུགས།
རིན་ཆེན་མཚོས་བསྒྱུར།