ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ། (ཨང17པ)
2022.04.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

ཟླ4པའི་ཚེས3ཉིན་གྱི་ཆུ་ཚོད7གྱི་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན5བྱུང་། འབྲེལ་ཡོད་གནས་ཚུལ་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

ཐེངས་འདིའི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་དང་པོ། ཕོ། ལོ34ཡིན། ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ས་ཁུལ་ཕྱེ་ཐུག་ཟ་ཁང་ཞིག་གི་ཇ་མ་ཡིན། ད་ལྟ་ཅན་ཀོ་ལམ་གྱི་ཧོས་མེན་གཞིས་ཁུལ་གྱི་ཐོག་ཁང་ལྔ་བར་བསྡད་ཡོད།

ཐེངས་འདིའི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་གཉིས་པ། མོ། ལོ30ཡིན། ཧྲང་ཧེ་གྲོང་ཁྱེར་ཆིན་ཕུའུ་ས་ཁུལ་ཕྱེ་ཐུག་ཟ་ཁང་ཞིག་གི་ཞབས་ཕྱི་པ་ཡིན་ལ། གདགས་གཤིས་ཅན་དང་པོའི་ཆུང་མ་ཡིན། ད་ལྟ་ཅན་ཀོ་ལམ་གྱི་ཧོས་མེན་གཞིས་ཁུལ་གྱི་ཐོག་ཁང་ལྔ་བར་བསྡད་ཡོད། 

ཐེངས་འདིའི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་གསུམ་པ། མོ། ལོ14ཡིན།  གདགས་གཤིས་ཅན་དང་པོའི་བུ་མོ་ཡིན།

ཐེངས་འདིའི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་བཞི་བ། མོ། ལོ་གཅིག་དང་ཕྱེད་ཀ།  གདགས་གཤིས་ཅན་དང་པོའི་བུ་མོ་ཡིན།

ཐེངས་འདིའི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་ལྔ་བ། ཕོ། ལོ50ཡིན།  གདགས་གཤིས་ཅན་དང་པོའི་ཞང་པོ་ཡིན།  ད་ལྟ་ཅན་ཀོ་ལམ་གྱི་ཧོས་མེན་གཞིས་ཁུལ་གྱི་ཐོག་ཁང་ལྔ་བར་བསྡད་ཡོད།

མིག་སྔར། གོང་གི་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་གྱི་མི5བོ་གཞན་སྐྱེལ་ལོགས་བཀར་བྱས་ཟིན་ལ། ད་ལྟ་འབྲེལ་ཡོད་ཀྱི་རིམས་ནད་བརྟག་དཔྱད་དང་། ཚོད་ལྟ་ཁང་གི་ཚད་ལེན། འབྲེལ་འདྲིས་དམ་ཟབ་ཅན་དག་ལ་རྗེས་འདེད་དོ་དམ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས3ཉིན།

བན་དེ་སྐྱབས་ཀྱིས་བསྒྱུར།