ཟླ4བའི་ཚེས4ཉིན་གྱི་ཆུ་ཚོད11དང་སྐར་མ20ཡི་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གདགས་གཤིས་ཅན2གསར་སྣོན་བྱུང་། གཉི་ག་ལོགས་བཀར་ས་ཚིགས་ནས་བརྟག་དཔྱད་བྱེད་དུས་རྙེད་པ་རེད། འབྲེལ་ཡོད་གནས་ཚུལ་ཐད་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
ཐེངས་འདིའི་ཉིང་སྐྱུར་གདགས་གཤིས་ཅན་དྲུག་པ། ཕོ། ལོ60 ལས་ཀ་མེད། ད་ལྟ་ཏཱ་ཀྲུང་ལམ་གྱི་ཅིན་སུང་ཧྲིན་ཧྲི་གཞིས་ཁུལ་ཐོག་ཁང་དང་པོར་བསྡད་ཡོད།(གདགས་གཤིས་ཅན་དང་པོའི་ཕ་རེད།)
ཐེངས་འདིའི་ཉིང་སྐྱུར་གདགས་གཤིས་ཅན་བདུན་པ། མོ། ལོ31 ལས་ཀ་མེད། ད་ལྟ་ཏཱ་ཀྲུང་ལམ་གྱི་ཅིན་སུང་ཧྲིན་ཧྲི་གཞིས་ཁུལ་ཐོག་ཁང་དང་པོར་བསྡད་ཡོད།(གདགས་གཤིས་ཅན་དང་པོའི་ནུ་བོའི་ཆུང་མ་རེད།)
མིག་སྔར། གོང་བརྗོད་པྲོག་གསར་གདགས་གཤིས་ཅན་མི2པོ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། ད་ལྟ་འབྲེལ་ཡོད་ཀྱི་རིམས་ནད་བརྟག་དཔྱད་དང་། ཚོད་ལྟ་ཁང་གི་ཚད་ལེན། འབྲེལ་འདྲིས་དམ་ཟབ་ཅན་དག་ལ་རྗེས་འདེད་དོ་དམ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།
2022ལོའི་ཟླ4པའི་ཚེས4ཉིན།
བན་དེ་སྐྱབས་ཀྱིས་བསྒྱུར།