གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་ཉིས་སྟོང་ཉེར་གཉིས་ལོའི་རྨ་ཆུའི་ཆེད་དོན་ལས་གཞིའི་དུས་རིམ་སྔོན་མའི་བྱ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་གྲོས་ཚོགས་བསྡུས། ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཡག་པོ་རྩོམ་པ་དང་ལོ་ཧྲིལ་བོར་བརྟན་པོ་ཡོང་བའི་བླང་བྱ་གལ་ཆེན་དངོས་འབེབས་བྱས་པ་ཡིན་ལ། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་བླང་བྱ་ལྟར་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས།
མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞི་ནི་རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་རང་རེའི་ཞིང་ཆེན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་པའི་རྟེན་གཞི་གལ་ཆེན་ཡིན་ལ། མཚོ་སྔོན་ས་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མི་འདང་ས་ཁ་གསབ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ལས་གཞི་ལག་བསྟར་བྱེད་ཡུལ་གྱི་མ་དངུལ་ཤུགས་ཚད་དང་ས་རྒྱ་སོགས་རྒྱུ་རྐྱེན་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་བསྐྱེད་ནས་ཉིས་སྟོང་ཉེར་གཅིག་ལོའི་རྨ་ཆུའི་ཆེད་དོན་ལས་གཞིའི་ལས་འཕྲོ་མགོ་རྩོམ་པ་དང་ཉིས་སྟོང་ཉེར་གཉིས་ལོའི་ལས་གཞིའི་དུས་རིམ་སྔོན་མའི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
རིམ་པར་རྗེས་མར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ད་ལོའི་ལས་གཞིའི་ཐད་མ་དངུལ་བརྩོན་ལེན་བྱེད་པའི་རྨང་གཞིའི་སྟེང་ལས་གཞི་ལག་བསྟར་བྱེད་ཡུལ་གྱི་ལས་གཞིའི་དངུལ་གཏོང་ལ་བཀོད་སྒྲིག་བྱེད་པ་དང་། ཡུལ་དངོས་ནས་རྟོག་ཞིབ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ནུས་ཤུགས་ཡོད་རྒུས་ལས་གཞིའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཟླ་རེའི་དུས་ཚིགས་རེ་དང་དུས་ཚིགས་རེའི་ལོ་རེར་ཁག་ཁུར་བྱས་ནས་ལས་གཞི་དུས་ལྟར་མགོ་རྩོམ་པ་དང་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱས་ནས་ལོ་ཧྲིལ་བོའི་འཛུགས་སྐྲུན་ལས་འགན་དུས་ལྟར་འགྲུབ་པར་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།