ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ།​(ཨང20པ)
2022.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ།

ཨང20

ཟླ4པའི་ཚེས6ཉིན་གྱི་ཆུ་ཚོད14དང་སྐར་མ30ཡི་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན1གསར་སྣོན་བྱུང་། འདི་ཉིད་ལོགས་བཀར་ས་ཚིགས་ནས་བརྟག་དཔྱད་བྱེད་དུས་རྙེད་པ་རེད། འབྲེལ་ཡོད་གནས་ཚུལ་ཐད་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

ཐེངས་འདིའི་ཉིང་སྐྱུར་གདགས་གཤིས་ཅན་བཅུ་བ། མོ། ལོ3  ཏཱ་ཀྲུང་ལམ་གྱི་ཅིན་སུང་ཧྲིན་ཧྲི་ཐེན་ཁྲིན་གཞིས་ཁུལ་གྱི་ཐོག་ཁང་དང་པོར་བསྡད་ཡོད།(གདགས་གཤིས་ཅན་དང་པོའི་ཚ་མོ་རེད)

གདགས་གཤིས་ཅན་འདི་ཟླ4པའི་ཚེས1ཉིན་ནས་ཟླ4པའི་ཚེས2ཉིན་བར་ཕྱི་རུ་སོང་མེད། ཟླ4པའི་ཚེས2ཉིན་གྱི་ཆུ་ཚོད23དང་སྐར་མ58སྟེང་གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་བསྐྱལ་ཡོད།

མིག་སྔར། གོང་བརྗོད་པྲོག་གསར་གློ་ཚད་ཀྱི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན་འདི་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས6ཉིན།