ཟླ་བཞི་པའི་ཚེས་བདུན་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁག་གཙོ་བོ་དང་གྲོང་གསེབ་འཛུགས་སྐྲུན་བྱ་བའི་བརྙན་རིས་ཡར་སྐུལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་གི་ཚུན་ལ། རང་ཞིང་གིས་རྒྱལ་ཁབ་བཅོ་ལྔ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁག་བཅུ་གཅིག་སྡུད་བྱས་ཏེ། དམིགས་འབེན་གཏན་ཁེལ་དང་འགན་འཁྲི་དང་ལེན། རོགས་ལས་མཐུན་སྦྱོར། གནད་འཁེལ་ལག་བསྟར་བྱས་པས། གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁག་གཙོ་བོའི་བྱ་བར་འགུལ་སྐྱོད་མགྱོགས་ཤིང་ཤུགས་ཚད་ཆེ་བ་དང་། དོན་དངོས་ཀྱི་བྱ་བ་སྒྲུབ་པ། མཉམ་ཤུགས་ཆགས་པ། ཕན་འབྲས་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྔ་མངོན་པར་བྱས།
ཉིས་སྟོང་ཉེར་གཅིག་ལོར། རང་ཞིང་གིས་རྒྱལ་ཡོངས་སུ་ཐོག་མར་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁག་གཙོ་བོར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་གཏན་འཁེལ་བྱས་ཏེ། ཕྲ་ཞིང་ཞིབ་པའི་སྒོ་ནས་ཞིང་ཆེན་རིམ་པའི་རོགས་སྐྱོར་བྱེད་ཐབས་ཉེར་གཉིས་གཏན་ལ་ཕབ་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་རིགས་སྡེ་ཁག་གིས་སྒྲིག་སྦྱོར་ཆ་ཚང་བ་དང་སྲིད་ཇུས་འཐུས་ཚང་དུ་བཏང་ཞིང་། གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁག་གཙོ་བོའི་སྲིད་ཇུས་མ་ལག་མཉམ་སྐྲུན་བྱས་པར་མ་ཟད། ན་ནིང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་འབྲེལ་མཐུད་མ་དངུལ་གྱི་བརྒྱ་ཆའི་རེ་བརྒྱད་གྲོང་གསེབ་དར་སྤེལ་གྱི་རྫོང་ཁག་གཙོ་བོ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བཀོལ་བའི་རྨང་གཞིའི་སྟེང་། ད་ལོར་བསྡུར་ཚད་དེ་ཡང་བསྐྱར་བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་ལྔ་ལ་ཇེ་མཐོར་གཏོང་རྒྱུ་དང་། ལོ་གཉིས་ཀྱི་ནང་བསྡོམས་པས་དངུལ་གཏོང་ནོར་སྲིད་འབྲེལ་མཐུད་མ་དངུལ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གཅིག་ལ་བསླེབ་ངེས་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།