མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རིམས་ནད་འགོག་སྡོམ་ཐད་རོགས་འདེགས་བྱས།
2022.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཞིང་ཆེན་ནང་ཁུལ་གྱི་སྐོར་ཐེངས་གསར་བའི་རིམས་ནད་བྱུང་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཧ་ཅང་མཐོང་ཆེན་དང་མྱུར་དུ་འགུལ་སྐྱོད་བྱས་པ་དང་། མ་དངུལ་གཞི་རིམ་དུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། དུས་ཚོད་དང་པོའི་ནང་བྲེལ་མྱུར་ཆེད་སྤྱོད་མ་དངུལ་སྒོར་འབུམ་བཞི་བཏང་སྟེ། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་གཞིས་ཁུལ་གྱི་ལས་བྱེད་མི་སྣ། དང་བླངས་པ། རིམས་ནད་འགོག་སྡོམ་འཐེན་སྐོང་མི་སྣ་སོགས་རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་ལས་བྱེད་མི་སྣ། རིམས་ནད་ཀྱི་གནོད་པ་ཐེབས་པའི་དཀའ་ཁག་ལས་བཟོ་བ་བཅས་ལ་འཚཚམས་འདྲི་བྱེད་པའི་བྱ་བ་བཀོལ་སྤྱོད་བྱས། མིག་སྔའི་བར་དུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བསྡོམས་པས་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་རིམས་ནད་འགོག་སྡོམ་ཁ་གསབ་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་བཞི་ཁྲི་ལྔ་བཏང་།

དེ་དང་མཉམ་དུ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་བྱས་པ་དང་། མྱུར་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་དང་ལས་བཟོ་བའི་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་མཛུབ་སྟོན་ལག་དེབ་སྤེལ་ནས། རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་དུས་ནམ་ཡང་རིམས་ནད་འགོག་སྡོམ་ནན་མོ་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་ཇེ་དྲག་ཏུ་གཏོང་བ་དང་གནད་ཕིགས་འགོག་སྡོམ་བྱེད་པ། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལྟ་རྟོག་བྱེད་པ། རིམ་པ་གཅིག་པའི་ཏང་སྲིད་དང་མཉམ་དུ་ཉེན་ཁ་རྟོག་སེལ་དང་འཚམས་འདྲི་ཞབས་ཞུ་སོགས་མཉམ་འགོག་མཉམ་སྡོམ་དང་མང་ཚོགས་རང་བཞིན་དང་བརྗེ་རེས་རང་བཞིན་གྱི་རང་འགོག་རང་བཅོས་བྱ་བ་སྤེལ་བ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་ལས་བྱེད་པ་དང་རྒྱ་ཆེའི་ལས་བཟོ་བ་དང་མང་ཚོགས་རིམས་ནད་འགོག་འགོག་སྡོམ་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བཏང་སྟེ། མཉམ་དུ་རིམས་ནད་འགོག་སྡོམ་གྱི་བདེ་འཇགས་འགོག་ར་བརྟན་པོ་འཛུགས་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།