ཟི་ལིང་དུ་པྲོག་གསར་ནད་པ5ཇེ་མང་དུ་སོང་།
2022.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 64

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང26པ)

ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད16དང་སྐར་མ20སྟེང་དུ། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ5ཇེ་མང་དུ་སོང་། འབྲེལ་ཡོད་བྱ་བའི་བརྡ་སྦྱོར་གཤམ་གསལ་ལྟར།

གདགས་གཤིས་མི་སྣ46པ། མོ། ལོ35། གདགས་གཤིས་མི་སྣ་དང་པོར་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཡིན།

གདགས་གཤིས་མི་སྣ47པ། མོ། ལོ12། མཁར་ཤར་ས་ཁུལ་གྱི་མི་ཚོགས་གཙོ་བོར་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བྱས་ཏེ་ཤེས་པ་ཡིན།

གདགས་གཤིས་མི་སྣ48པ། ཕོ། ལོ40། ཟླ4པའི་ཚེས13ཉིན་མཁར་ཤར་ས་ཁུལ་དུ་སྐོར་ཐེངས་དང་པོའི་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་པ་ཡིན།

གདགས་གཤིས་མི་སྣ49པ། མོ། ལོ11། ཟླ4པའི་ཚེས13ཉིན་མཁར་ཤར་ས་ཁུལ་དུ་སྐོར་ཐེངས་དང་པོའི་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་པ་ཡིན།

གདགས་གཤིས་མི་སྣ50པ། མོ། ལོ14། ཟླ4པའི་ཚེས13ཉིན་མཁར་ཤར་ས་ཁུལ་དུ་སྐོར་ཐེངས་དང་པོའི་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་པ་ཡིན།

གོང་གི་གདགས་གཤིས་མིསྣ5པོ་ཚང་མ་གཏན་འཁེལ་སྨན་ཁང་དུ་བསྐྱལ་ནས་རིམས་ནད་རིག་པའི་བརྟག་དཔྱད་དང་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བཞིན་པའི་སྒང་ཡིན།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས14ཉིན།