དང་པོ། མི་སྒེར་གྱི་འགོག་སྲུང་ལེགས་པོར་བསྒྲུབས་སྟེ་གོ་རིམ་ཧྲིལ་བོར་ཁ་ཐུམ་རྒྱག་པ་དང་། སྨིད་གཉིས་ཡན་གྱི་བར་ཐག་བཞག་ནས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིག་དགོས་ལ། མི་གཞན་དང་ཁ་བརྡ་མི་བྱེད་པ། མི་བདེ་བའི་ཚོར་སྣང་གང་ཐུབ་ཀྱིས་ཚོད་འཛིན་བྱས་ཏེ། སྨན་བཅོས་མི་སྣས་ཉིང་སྐྱུར་མ་དཔེ་སྡུད་ལེན་བྱེད་པར་རམ་འདེགས་བྱ་དགོས། མ་དཔེ་སྡུད་ལེན་བྱས་ཚར་རྗེས་དེ་མ་ཐག་སྡུད་ལེན་ཡུལ་དངོས་དང་ཁ་བྲལ་ཏེ། གང་ནུས་ཀྱིས་སྤྱི་སྤྱོད་རླངས་འཁོར་ལ་མི་འདུག་པ་བཅས་བྱ་དགོས།
གཉིས་པ། ཉིང་སྐྱུར་བརྟག་དཔྱད་བྱེད་གནས་སུ་འཚང་ཁ་མི་རྒྱག་པ། མ་དཔེ་ལེན་མཁན་དང་དེའི་མཐའ་འཁོར་གྱི་དངོས་རྫས་ལ་མི་རེག་པ། ལག་པས་ཁ་ཐུམ་གྱི་ཕྱི་ངོས་ལ་མི་རེག་པ། ཁ་ལུད་དང་ཁ་ཐུམ་གང་འདོད་དུ་མི་འཕེན་པ་བཅས་བྱ་དགོས།
གསུམ་པ། ཉིང་སྐྱུར་བརྟག་དཔྱད་མ་བྱས་སྔོན་དུ། རྩ་གཉིས་ཨང་རིས་བཤེར་ནས་ཆ་འཕྲིན་ཐོ་འགོད་བྱ་དགོས་ལ། ཐོ་འགོད་བྱེད་དུས་ངེས་པར་དུ་མི་སྒེར་གྱི་ཆ་འཕྲིན་ཡང་དག་པར་བསྐང་དགོས། མི་སྒེར་གྱིས་ཐོ་འགོད་བྱས་པའི་རྩ་གཉིས་ཨང་རྟགས་གྲུབ་རྗེས་རང་གི་ཁ་པར་དུ་ཉར་ཚགས་བྱ་དགོས། རིག་ནུས་ཁ་པར་བཟུང་མེད་པའི་རྒན་པ་དང་བྱིས་པར་ཁྱིམ་མིའི་ཁ་པར་སྤྱད་ནས་རྩ་གཉིས་ཨང་བཤེར་བླངས་ཀྱང་ཆོག
བཞི་བ། ཉིང་སྐྱུར་བརྟག་དཔྱད་མ་བྱས་སྔོན་གྱི་དུས་ཚོད་གཉིས་རིང་ལ་ཟ་མ་མི་ཟ་བ་དང་། སྐར་མ་སུམ་ཅུའི་སྔོན་ལ་ཆུ་དང་ཆང་འཐུང་མི་རུང་ལ། ཐང་ཆུ་ཡང་མི་ལྡད་པར་མ་དཔེ་ལེན་པའི་གོ་རིམ་ཁྲོད་སྐྱུག་པ་དང་ཞེན་ཁ་ལོག་པ་སོགས་ཀྱི་སྣང་ཚུལ་མི་འབྱུང་བར་བྱ་དགོས།
ལྔ་བ། མ་དཔེ་ལེན་སའི་ལས་སྒྲུབ་མི་སྣའི་བཀོད་འདོམས་ལ་ཉན་ནས་སྒྲིག་ལམ་བརྩི་སྲུང་བྱེད་པ་དང་། རང་རྟོགས་ཀྱིས་ཆ་འཕྲིན་ཐོ་འགོད་བྱས་ནས་མ་དཔེ་སྡུད་ལེན་བྱེད་པའི་བྱ་བར་རམ་འདེགས་ལེགས་པོ་བྱ་དགོས། བརྟག་དཔྱད་མཇུག་འབྲས་མ་ཐོན་པའི་ཡར་སྔོན་དུ། མི་མང་ས་དང་འདུ་འཛོམས་བྱེད་སར་འགྲོ་མི་ཉན་ལ། ཁྱིམ་ཚང་ཕན་ཚུན་བར་ལའང་འགྲོ་འོང་མི་བྱེད་པ་བཅས་བྱ་དགོས།