ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ(ཨང28པ)
ཟླ4པའི་ཚེས16ཉིན་གྱི་ཆུ་ཚོད4དང་སྐར་མ56སྟེང་དུ། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ4ཇེ་མང་དུ་སོང་། འབྲེལ་ཡོད་བྱ་བའི་བརྡ་སྦྱོར་གཤམ་གསལ་ལྟར།
གདགས་གཤིས་མི་སྣ55པ། ཕོ། ལོ1དང་ཟླ10། ནད་ངོས་བཟུང་བའི་ནད་པ10པར་འབྲེལ་ཐུག་དམ་ཟབ་ཡོད་མཁན་ཡིན། མཁར་ཤར་ས་ཁུལ་དུ་ལོགས་བཀར་འགོག་སྡོམ་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བྱེད་སྐབས་རྙེད།
གདགས་གཤིས་མི་སྣ56པ། མོ། ལོ30། ནད་རྟགས་མེད་པའི་ནད་པ34པར་འབྲེལ་ཐུག་དམ་ཟབ་ཡོད་མཁན་ཡིན། མཁར་ཤར་ས་ཁུལ་དུ་ལོགས་བཀར་འགོག་སྡོམ་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བྱེད་སྐབས་རྙེད།
གདགས་གཤིས་མི་སྣ57པ། མོ། ལོ34། གདགས་གཤིས་མི་སྣ54པར་འབྲེལ་འདྲིས་དམ་ཟབ་ཡོད་མཁན་ཡིན། མཁར་ཤར་ས་ཁུལ་དུ་ལོགས་བཀར་འགོག་སྡོམ་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བྱེད་སྐབས་རྙེད།
གདགས་གཤིས་མི་སྣ58པ། མོ། ལོ16། ནད་ངོས་བཟུང་བའི་ནད་པ10པར་བརྒྱུད་འབྲེལ་བྱུང་མཁན་ཡིན། མཁར་ཤར་ས་ཁུལ་དུ་ལོགས་བཀར་འགོག་སྡོམ་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བྱེད་སྐབས་རྙེད།
མིག་སྔར་གོང་གི་གདགས་གཤིས་མིསྣ4པོ་ཚང་མ་གཏན་འཁེལ་སྨན་ཁང་དུ་བསྐྱལ་ནས་རིམས་ནད་རིག་པའི་བརྟག་དཔྱད་དང་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བཞིན་པའི་སྒང་ཡིན།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི་བཀོད་འདོམས་པུའུ་ནས།
2022ལོའི་ཟླ4པའི་ཚེས16ཉིན།