ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་སློབ་གྲྭ་བཅུ་གསུམ་གྱིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་སྐོར་ཞིག་བར་ཁ་གཏད་རོགས་སྐྱོར་འབྲེལ་བ་བཙུགས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རྒྱལ་ཡོངས་བརྒྱད་གཅིག་དམངས་ཞེན་སློབ་གྲྭའི་རོགས་སྐྲུན་ལས་གཞིའི་ཁྲོད་ཚུད།
རོགས་སྐྲུན་བྱ་བས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། དམག་དཔུང་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། གནད་ཕིགས་སྲིད་སྤྱོད་ལ་དོ་སྣང་བྱས་ནས། དམག་དཔུང་དང་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་རྩ་དོན་དུ་བྱས་ཏེ། ཕྱོགས་དྲུག་ཐད་རྒྱུན་མཐུད་ངང་ཤུགས་བཏོན། རྒྱལ་སྲུང་སློབ་གསོའི་གཡུལ་ས་འཛུགས་སྐྲུན་བྱེད་པའི་ཐད་ནས། རྒྱལ་སྲུང་སློབ་གསོའི་ཡུལ་གནས་ཀྱི་སྒྲིག་ཆས་འཛུགས་སྐྲུན་དང་བཀོལ་སྤྱོད་དོ་དམ་ཚད་ལྡན་དུ་བཏང་བ་དང་། རྒྱལ་གཅེས་སློབ་གསོའི་སློབ་ཁྲིད་བཟང་བོ་བསྒྲུབ་པའི་ཐད་ནས། དམག་དཔུང་དང་ས་གནས་ཀྱི་མི་སྣ་སློབ་གྲྭ་རུ་སོང་ནས་སྒྲོག་འགྲེལ་བྱེད་པ་དང་སློབ་གྲྭ་ཕྱིའི་ཟུར་ཁྲིད་མི་སྣ་མངག་གཏོང་བྱེད་པ། བརྗོད་དོན་བྱ་འགུལ་སྤེལ་བ་བཅས་ལ་གཏན་ཁེལ་གསལ་བོ་བྱས། ཕུལ་བྱུང་དགེ་རྒན་དཔུང་སྡེ་རོགས་སྐྲུན་བྱེད་པའི་སྟེང་། རོགས་སྐྲུན་སློབ་གྲྭའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ལམ་ལུགས་ཀྱི་བཀོད་སྒྲིག་བྱས། དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་བྱེད་པའི་སྟེང་། མ་དངུལ་གྱི་རོགས་སྐྱོར་བྱེད་པ་དང་ཁ་གཏད་རོགས་སྐྱོར་འབྲེལ་བ་འཛུགས་པ། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སོགས་རོགས་སྐྱོར་རྐྱེན་སྲོལ་རྒྱ་སྐྱེད་། དྲ་ཐོག་སློབ་གསོ་སྟེགས་བུ་འཐུས་ཚང་དུ་གཏོང་བའི་ཐད་ནས། སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་དང་དྲ་ཐོག་སྤྲིན་སློབ་ཁྲིད་བཀོད་སྒྲིག དྲ་ཐོག་དཔེ་མཛོད་ཁང་། ཆ་འཕྲིན་ཐོན་ཁུངས་མཛོད་བཅས་བཀོད་སྒྲིག་བྱས། མཉམ་འཛུགས་བྱ་འགུལ་རབ་དང་རིམ་པ་སྤེལ་བའི་ཐད་ནས། ཐོན་ཁུངས་མཉམ་སྤྱོད་དང་དགེ་མཚན་ཁ་གསབ་སྒོས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བ་སྤེལ་བའི་ཐད་ནས་རེ་བ་བཏོན།
རོགས་སྐྲུན་ལས་གཞི་བཀོད་སྒྲིག་བྱས་པ་དེས། མི་དམངས་ཀྱི་དམག་དཔུང་གིས་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་། ན་གཞོན་ལོ་ཆུང་སློབ་མའི་ཏང་གཅེས་རྒྱལ་གཅེས་དང་དམག་གཅེས་ཀྱི་བསམ་བློ་གཞི་རྩ་ཇེ་བརྟན་དུ་གཏོང་བ། སློབ་གསོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་མ་ཟད། དུས་རབས་གསར་བའི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་ཐད་གོ་དོན་གསར་བ་བསྩོལ་ངེས།
རིན་ཆེན་མཚོས་བསྒྱུར།