ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ། (ཨང30པ)
2022.04.17 ཁུངས། ཀློག་གྲངས། 12

ཟླ4པའི་ཚེས16ཉིན་གྱི་ཆུ་ཚོད18དང་སྐར་མ02ཀྱི་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཉིང་སྐྱུར་གདགས་གཤིས་ཅན1ཇེ་མང་དུ་སོང་བ་དང་། ནད་རྟགས་མེད་པའི་ནད་པ2གཏན་ཁེལ་ནད་དཔེ་རུ་ངོས་བཟུང་། འབྲེལ་ཡོད་གནས་ཚུལ་ཐད་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གདགས་གཤིས་ཅན65པ། ཕོ། ལོ6 གཏན་ཁེལ་ནད་དཔེ་ཨང10པའི་འབྲེལ་འདྲིས་དམ་ཟབ་ཅན་ཡིན། གཅིག་བསྡུས་ལོགས་བཀར་ས་ཚིགས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དུས་རྙེད།

གཏན་ཁེལ་ནད་དཔེ15པ། ཟླ4པའི་ཚེས14ཉིན་བཏང་པའི་བརྡ་ཁྱབ་ཨང44པའི་ནང་གི་ནད་རྟགས་མེད་པའི་ནད་པ་ཨང14པ་ཡིན། སྨན་བཅོས་བྱེད་དུས་ནད་རྟགས་བྱུང་ལ། དེ་ནས་པྲོག་གསར་གློ་ཚད་གཏན་ཁེལ་ནད་དཔེར་ངོས་བཟུང་།

གཏན་ཁེལ་ནད་དཔེ16པ། ཟླ4པའི་ཚེས14ཉིན་བཏང་པའི་བརྡ་ཁྱབ་ཨང45པའི་ནང་གི་ནད་རྟགས་མེད་པའི་ནད་པ་ཨང21པ་ཡིན། སྨན་བཅོས་བྱེད་དུས་ནད་རྟགས་བྱུང་ལ། དེ་ནས་པྲོག་གསར་གློ་ཚད་གཏན་ཁེལ་ནད་དཔེར་ངོས་བཟུང་།

མིག་སྔར། གདགས་གཤིས་ཅན65པ་གཏན་ཁེལ་སྨན་ཁང་དུ་སྨན་བཅོས་བྱེད་དུ་བསྐྱལ་ཟིན་ལ། དུས་མཉམ་དུ་བརྒྱུད་ལམ་འབྱུང་ཁུངས་སོགས་ལ་རྩད་གཅོད་བྱེད་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས16ཉིན།