ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བྲེལ་མྱུར་བརྡ་ཁྱབ་ཉེར་བརྒྱད་པ་དང་ཉེར་དགུ་པ། སུམ་ཅུ་པ་དང་བརྡ་ཁྱབ་ལྔ་བཅུ་པ་བཅས་བསྒྲགས་ནས། ཉིན་དེར་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་གདགས་གཤིས་ཅན་བཅུ་གཅིག་གསར་སྣོན་བྱུང་བ་ཁྱབ་བསྒྲགས་བྱས། མིག་སྔར། གོང་གི་གདགས་གཤིས་མི་སྣ་བཅུ་གཅིག་པོ་ཚང་མ་གཏན་ཁེལ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། དེ་དང་མཉམ་དུ་རིམས་ནད་རིག་པའི་བརྟག་དཔྱད་དང་ཁུངས་འདེད་སོགས་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བཞིན་ཡོད།
ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་གྱི་དུས་ཚོད་བཞི་དང་སྐར་མ་ལྔ་དྲུག་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་བཞི་ཇེ་མང་དུ་སོང་བ་དང་། མི་བཞི་པོ་ཚང་མ་མཁར་ཤར་ཁུལ་དུ་ལོགས་བཀར་བཀོག་སྡོམ་བྱས་ནས་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་བྱེད་སྐབས་རྙེད་པ་རེད། དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་མཇུག་འབྲས་གདགས་གཤིས་ཅན་ལྔ་གསར་སྣོན་བྱུང་བ་དང་། དེ་ཚང་མ་མཁར་ནུབ་ཁུལ་གྱི་སྐོར་རེས་དང་པོའི་ཁུལ་ཁོངས་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་རྙེད་པ་རེད། དུས་ཚོད་བཅུ་དང་སྐར་མ་ཉི་ཤུའི་སྟེང་། པྲོག་གསར་གློ་ཚད་གདགས་གཤིས་ཅན་གཅིག་གསར་སྣོན་བྱུང་བ་དང་། དེ་མཁར་དཀྱིལ་ཁུལ་གྱི་རེས་སྐོར་དང་པོའི་ཁུལ་ཁོངས་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་རྙེད་པ་རེད། ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་གཉིས་སྟེང་། པྲོག་གསར་གློ་ཚད་གདགས་གཤིས་ཅན་གཅིག་ཇེ་མང་དུ་སོང་བ་དང་། དེ་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་ངོས་བཟུང་བའི་མི་སྣ་བཅུ་པར་འབྲེལ་འདྲིས་དམ་ཟབ་བྱུང་མཁན་ཡིན་ལ། གཅིག་བསྡུས་ལོགས་བཀར་སྐབས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་དུས་རྙེད་པ་རེད། གསར་སྣོན་བྱུང་བའི་ནད་པ་གཉིས་ཀ་ནད་རྟགས་མི་མངོན་པའི་གདགས་གཤིས་ཅན་ནས་ནད་ངོས་འཛིན་བྱས་པའི་ནད་པར་གཏན་ཁེལ་བྱས། ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཟི་ལིང་དུ་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཅན་དུ་མངོན་པའི་མི་བཞི་གསར་སྣོན་བྱུང་བ་དང་། དེའི་ཁྲོད་མི་གཅིག་གཏན་ཁེལ་ནད་དཔེ་རུ་ངོས་བཟུང་ལ། མི་གསུམ་ནད་རྟགས་མི་མངོན་པའི་ནད་པ་ཡིན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་གོང་གི་མི་སྣ་དག་ལ་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།
རིན་ཆེན་མཚོས་བསྒྱར།