རང་རྒྱལ་གྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཆེ་རུ་བཏང་ནས་འགུལ་རྣམ་གཙང་སེལ་ལ་སྐུལ་འདེད་བཏང་།
2022.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཉིང་སྐྱུར་བརྟག་དཔྱད་ལས་དོན་གྱིས་རང་རྒྱལ་གྱི་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་དོན་འཁྱོལ་ཡོང་རྒྱུར་ནུས་པ་གལ་ཆེན་བཏོན། ལོ་གཉིས་ལྷག་ཙམ་གྱི་རིང་ལ། རང་རྒྱལ་གྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་ཉིང་སྐྱུར་བརྟག་དཔྱད་ཀྱི་ནུས་པ་མངོན་སུམ་གྱིས་ཆེ་རུ་བསྐྱེད། ད་ལོའི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་བར་དུ། རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྲི་གཅིག་དང་སྟོང་གསུམ་བརྒྱ་ཐམ་པར་ཞིབ་བཤེར་བརྟག་དཔྱད་ཀྱི་ནུས་པ་ལྡན་པ་དང་། ཉིན་རེར་མི་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་དྲུག་ཁྲི་ལྔ་ལཞིབ་བཤེར་བརྟག་དཔྱད་བྱེད་པའི་ནུས་པ་ལྡན། མིག་སྔར་རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་མཁན་གྱི་ལག་རྩལ་མི་སྣ་འབུམ་གཅིག་དང་ཁྲི་ལྔ་ཙམ་ཡོད་པ་དང་། བསྡོམས་པས་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟའི་སྨན་སྣ་སོ་བདུན་ཚོང་རར་ཞུགས་པར་ཆོག་མཆན་བཀོད།

བན་དེ་སྐྱབས་ཀྱིས་བསྒྱུར།