ཟི་ལིང་དུ་པྲོག་གསར་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན1གསར་དུ་བྱུང་།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ།

(ཨང35པ)

ཟླ4པའི་ཚེས19ཉིན་གྱི་ཆུ་ཚོད༣དང་སྐར་མ20ཡི་སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་ཉིང་སྐྱུར་བརྟག་འབྲས་གདགས་གཤིས་ཅན1ཇེ་མང་དུ་སོང་། འབྲེལ་ཡོད་གནས་ཚུལ་ཐད་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གདགས་གཤིས་ཅན་ཨང83པ། ཕོ། ལོ34  ཟླ4པའི་ཚེས14ཉིན་གྱི་བརྡ་ཁྱབ་ཨང45པའི་ནང་བསྒྲགས་པའི་ནད་རྟགས་མེད་པའི་ནད་པ26པར་འབྲེལ་ཐུག་དམ་ཟབ་བྱུང་མཁན་ཡིན། མཁར་ཤར་ཁུལ་དུ་གཅིག་བསྡུས་ལོགས་བཀར་བྱས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དུས་རྙེད།

མིག་སྔར། གདགས་གཤིས་ཅན་དེ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དུས་མཉམ་དུ་བརྒྱུད་ལམ་འབྱུང་ཁུངས་སོགས་ལ་ཞིབ་རྩད་བྱེད་བཞིན་ཡོད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས19ཉིན།