ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ། (ཨང33པ)
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་ཁྱབ། (ཨང33པ)

ཟླ4པའི་ཚེས18ཉིན་གྱི་ཆུ་ཚོད15དང་སྐར་མ05སྟེང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཀྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཅན1ཇེ་མང་དུ་སོང་བ་དང་། འབྲེལ་ཡོད་གནས་ཚུལ་ཐད་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གདགས་གཤིས་ཅན81པ། མོ། ལོ23 མཁར་ཤར་ས་ཁུལ་དུ་གཅིག་བསྡུས་འགོག་སྡོམ་བྱས་ཏེ་མི་ཚོགས་གཙོ་བོར་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར་་བྱེད་དུས་རྙེད།

མིག་སྔར། གོང་གི་གདགས་གཤིས་ཅན་དེ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན་ལ། དུས་མཉམ་དུ་རིམས་ནད་བརྟག་དཔྱད་དང་ཁུངས་འདེད་སོགས་ཀྱི་ལས་ཀ་སྒྲུབ་བཞིན་པའི་སྒང་ཡིན།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ནས།

2022ལོའི་ཟླ4པའི་ཚེས18ཉིན།