ཚེས17ཉིན་གྱི་ཉིང་སྐྱུར་བརྟག་འབྲས།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 62

གསར་འགོད་པས་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན།  ཟླ4པའི་ཚེས17ཉིན་གྱི་ཆུ་ཚོད་ལྔ་དང་ཕྱེད་ཀ་བར་དུ།  ཟི་ལིང་གྲོང་ཁྱེར་གྱི་མཁར་དཀྱིལ་ས་ཁུལ་དང་མཁར་ནུབ་ས་ཁུལ། མཁར་བྱང་ས་ཁུལ་བཅས་སུ་ཉིང་སྐྱུར་བརྟག་དཔྱད་ཐེངས་གསུམ་པ་བྱས་པའི་ཁྲོད།  བསྡོམས་པས་མ་དཔེ་ཁྲི105.19ཚད་ལེན་གྱིས་བརྟག་དཔྱད་བྱས་པ་དང་།  བརྟག་འབྲས་ཚང་མ་སྲིབ་གཤིས་རེད།

མཁར་ཤར་ས་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་ཐེངས་ལྔ་པའི་ཁྲོད་བསྡོམས་པས་མ་དཔེ་ཁྲི41.77ཚད་ལེན་གྱིས་བརྟག་དཔྱད་བྱས་པ་དང་།  བརྟག་འབྲས་ཁྲོད་གདགས་གཤིས་ཅན1བྱུང་བ་དང་ལྷག་མ་ཚང་མ་སྲིབ་གཤིས་རེད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན།  གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བརྡ་ཁྱབ་ཨང51པའི་དགོངས་དོན་ལྟར།  ཟླ4པའི་ཚེས19ཉིན་མཁར་ཤར་ས་ཁུལ་དུ་ཉིང་སྐྱུར་བརྟག་དཔྱད་ཐེངས་བདུན་པ་བྱེད་རྒྱུ་ཡིན་ཞིང་།  མཁར་དཀྱིལ་ས་ཁུལ་དང་མཁར་ནུབ་ས་ཁུལ། མཁར་བྱང་ས་ཁུལ་བཅས་སུ་ཉིང་སྐྱུར་བརྟག་དཔྱད་ཐེངས་བཞི་པ་བྱེད་རྒྱུ་ཡིན་པས།  རྒྱ་ཆེའི་མི་དམངས་ཀྱིས་རང་གི་བདེ་ཐང་དང་བདེ་འཇགས་གཞིར་བཟུང་ནས།  སྡོད་ཁུལ་གྱི་ལས་བྱེད་མི་སྣའི་བཀོད་སྒྲིག་ལྟར་གོ་རིམ་ལྡན་པའི་ངང་གཏན་འཁེལ་ས་གནས་སུ་སོང་ནས་ཉིང་སྐྱུར་ཚད་ལེན་བྱས་ཏེ།  བརྟག་འོས་ཡོངས་བརྟག་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས།