ཞིང་ཆེན་ནོར་སྲིད་ཐིན་གྱིས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བཞི་ཁྲི་ལྔ་བྱིན་ནས་འཛད་སྤྱོད་ལ་ཡར་སྐུལ་བྱེད་པའི་བྱ་འགུལ་ལ་གཞོགས་འདེགས་བྱས།
2022.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཞི་པའི་ཚེས་བཅུ་གསུམ་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། འཛད་སྤྱོད་མཁོ་འདོན་སྔར་ལས་ལེགས་སྒྱུར་དང་འཛད་སྤྱོད་སྦས་ཤུགས་ཕྱིར་འདོན། འཛད་སྤྱོད་ཁྲོམ་རར་གསོན་ཤུགས་རྒྱས་པ་བཅས་བྱེད་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་རིམ་པའི་འཛད་སྤྱོད་ཡར་སྐུལ་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་བཞི་ཁྲི་ལྔ་བཀོད་སྒྲིག་བྱས་ཏེ། རླངས་འཁོར་ཉོ་བའི་ཁ་གསབ་སྟེར་བ་དང་། དམངས་ཕན་འཛད་སྤྱོད་འཛིན་ཡིག་སྟེར་བ། ཁྱིམ་ཆས་ཉོ་བར་རོགས་འདེགས་བྱེད་པ་སོགས་ཀྱི་འཛད་སྤྱོད་ཡར་སྐུལ་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད། ཚོད་དཔག་བྱས་ན་དེས་ཉུང་མཐར་ཡང་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་རིན་གོང་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཙམ་སྐུལ་ཁྲིད་བྱེད་ཐུབ། དེ་དང་མཉམ་དུ་ཁེ་ལས་ཀྱི་ཚོང་གཉེར་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། ཁེ་ལས་ཀྱིས་ཁྲོམ་རར་བྱས་རྗེས་འཇོག་པའི་ནུས་པ་ཇེ་ཆེར་གཏོང་བ།དམངས་ཚིས་ལེགས་བཅོས་བྱེད་པ་སོགས་ཀྱི་ཐད་སྐུལ་ཁྲིད་ཀྱི་ནུས་པ་ལེགས་པོ་ཐོན་ཐུབ།